[A:༤༢]གསོ་བ། གདོན་བགེགས་སྐྲོད་པ། སྨྱོ་བ་འདུལ་བ། འབྱུང་ལྔའི་དྭངས་མའི་བཅུད་ལེན། མཛེ་གསོ་བ་བཅས་དང༌། སྤྱི་འགྲོའི་ལས་སྦྱོར་རྣམས་ཀྱི་ལུང༌། ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་ཆའི་སྟེང་ནས་སེང་གདོང་དམར་མོའི་རྗེས་གནང་ལུང་བཅས། གཉིས་སུ་མེད་པའི་རྒྱུད་ཀྱི་ཁོངས་སུ་གཏོགས་པར་བཞེད་པའི་ནོར་གྱི་ལྷ་མོ་དབྱུ་གུ་མཆེད་གསུམ་གྱི་སྐོར་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་གནོད་སྦྱིན་མོ་ཀུན་འཁྱིལ་གྱི་རྟོག་པ་ནས་ཕྱུང་བའི་སྒྲུབ་ཐབས་བ་རིས་བསྒྱུར་བ། རྡོ་རྗེ་གདན་པས་མཛད་པའི་གནོད་སྦྱིན་མོ་ཀུན་ནས་འཁྱིལ་པའི་དོན་བསྡུས་ཀྱི་འགྲེལ་པ་བ་རིའི་འགྱུར་ལ་པ་ཚབ་ཀྱིས་སླར་བཅོས་མཛད་པ། དེའི་སྙིང་པོ་ས་པཎ་གྱིས་མཛད་པ་ལོ་རྒྱུས་དང་བཅས་པ། བ་རི་བ་བོད་དུ་བྱོན་ཁར་རྡོ་རྗེ་གནད་པས་སྐྱེལ་ཐུང་མཛད་ནས་གནང་བའི་ཐུགས་དམ་མཁའ་འགྲོ་མའི་དངོས་གྲུབ་ལག་བཅང༌། དབྱུ་གུ་སྤུན་གསུམ་གྱི་མངོན་རྟོགས། གཏོར་མ་གཏོང་ཐབས། རྟེན་བཅའ་ཐབས། མཁའ་འགྲོ་མའི་ལག་བཅང་འདྲ་མིན་རྫོགས་བྱང་གི་མཐའ་ཅན། སྒྲུབ་པ་བྱ་ཐབས། ཆང་བུ་བསྔོ་ལུགས། བརྒྱུད་པའི་ལོ་རྒྱུས་དང་རྟེན་བཅའ་ཐབས། བསྙེན་སྒྲུབ་ལས་སྦྱོར་སོགས་ཡོད་པའི་ཚིགས་བཅད་མཁའ་འགྲོ་ཆེན་མོ། དེའི་ཞར་བྱུང་དུ་རབ་གནས་བྱ་ཐབས་དང་བླ་རྡོ་བཅང་བའི་མན་ངག །ཡང་མན་ངག་བླ་རྡོ་བཅང་ཐབས་དང་བཅས་པ་རྒྱས་པར་བསྟན་པ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་བསམ་དོན་ཀུན་འགྲུབ་དང༌། ཙཀྲ་ལ་བརྟེན་པའི་དབང་སྡུད་ཟབ་མོའི་ལག་ལེན་བསམ་འཕེལ་ནོར་བུ། བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྣམས་ཀྱི་ལུང༌། དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་གི་ལས་སྒྲུབ་པའི་ལྷ་གསུམ་གྱི་ནང་ཚན་རྡོ་རྗེ་ཁྱུང་ཁྲའི་སྐོར་ལ། སྔགས་