R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༤༣
[A:༤༣]འཆང་གཟུངས་དཔལ་བས་མཛད་པའི་ཁྱུང་པོད་དཀར་ཆག་ཐུབ་བསྟན་མི་མཇེད་མ། ཁྱུང་ཁྲའི་ལས་ཚོགས་བྱིས་གདོན་བྱ་འདྲེ་བཅོས་པའི་མན་ངག་དང༌། བྱ་མདོས། ངན་སོང་སྒོ་འགེགས་བྱ་བ་ཁྱི་དུག་བཅོས་པའི་མན་ངག་རྣམས་གཟུངས་པས་མཛད་པ། གདོན་རྣམ་གྲོལ་བྱ་བ་གཟའ་བཅོས་པའི་མན་ངག་བཟང་པོའི་མཚན་ཅན་གྱིས་མཛད་པ། དཀར་ཕྲ་མེན་བརྟག་པའི་ཞལ་ཤེས། གཟའ་བཅོས་པའི་ལག་ལེན་ཤོག་དྲིལ་ཁྱུང་རྒྱ་མ་གཟུངས་པས་མཛད་པ། དེས་མཛད་པའི་ཁྱུང་གི་ལས་མཐའ་གཤེད་སྐོར་ཟབ་མོ། ཀླུ་དང་གཟའ་རིགས་སྲུང་བའི་མན་ངག་དུས་འཁོར་ལུགས། ཆུའི་བླང་དོར་ཚིགས་བཅད་མ། གཟའ་མདོས་ཀྱི་ཆོ་ག་འབྲིང་པོ། དུག་བཅོས་པའི་མན་ངག་བཻ་ཌཱུརྻའི་ཕྲེང་བ་གཟུངས་པས་མཛད་པ། དུག་སྲུང་བརྟག་པའི་མན་ངག་ཟབ་མོ། འཕགས་པས་མཛད་པའི་ཁྱུང་ཁྲའི་ལས་ཚོགས་དྲུག་པ། གཟུངས་པས་མཛད་པའི་ཁྱུང་ཁྲའི་ལས་མཐའ་བརྒྱད་པ། དྲེག་བཅོས་པའི་མན་ངག་དཔལ་གྱི་མཐའ་ཅན་གྱིས་མཛད་པ། དྲེག་སེལ་བ་བཀའ་རྒྱ་མ། མཛེ་གསོ་བ། ཐོག་སྲུང་བའི་ལས་ཚོགས་འཕགས་པས་མཛད་པ། གེགས་སེལ་གཟེར་ལྔ་གཟུངས་པས་མཛད་པ། དམུ་ཆུ་སྦྱོང་བའི་མན་ངག །སེར་བ་སྲུང་བའི་ལས་མཐའ། ཡང་སེར་བསྲུང་བའི་མན་ངག །ལོ་ཆོག་དང་ལོ་ཕུད་ཀྱི་ཕྱག་ལེན། ཁ་བ་སྲུང་བའི་ཐོ་འཛུགས་ཐབས། ཁྱུང་ཁྲའི་སྦྱིན་སྲེག །རྗེས་གནང༌། བསྟོད་པ་རྣམས་འཕགས་པས་མཛད་པ། མ་ཏི་བྷ་དྲས་མཛད་པའི་སྒྲུབ་ཐབས། བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པའི་མངོན་རྟོགས། ཁྱུང་ཁྲའི་སྒྲུབ་ཐབས་གཟུངས་པས་མཛད་པར་ཅུང་ཟད་ཁ་བསྐངས་བ། སྒྲུབ་ཐབས་ལས་ཚོགས་རྗེས་གནང་དང་བཅས་པ་མཛད་