R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༤༤
[A:༤༤]བྱང་མི་གསལ་བ་རྣམས་ཀྱི་ལུང༌། གསང་སྔགས་རྙིང་མའི་སྐོར་ལ། རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ཆོས་རྗེ་བླ་མ་དམ་པ་དང༌། ས་ལོ་ཆེན་པོ་དང༌། སྔགས་འཆང་ཀུན་རིན་རྣམས་ཀྱི་ཡིག་ཆའི་སྟེང་ནས་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང༌། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང༌། ས་ལོ་ཀུན་བསོད་ཀྱིས་མཛད་པའི་ཕུར་པའི་ཞི་བའི་སྦྱིན་སྲེག་གི་ལུང༌། བདག་ཆེན་རྒྱ་གར་བའི་ཕྲིན་གཞུང་དྲེགས་པ་ཟིལ་གནོན་དང༌། སྔགས་འཆང་ཀུན་རིན་པའི་དབང་ཆོག་མཐོང་བ་རང་གྲོལ། རྗེ་རང་གིས་མཛད་པའི་བསྒྲིགས་རིམ་རྣམས་ཀྱི་སྟེང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་དང་ཡིག་ཆ་རྣམས་ཀྱི་ལུང༌། འདོད་འཇོའི་བུམ་བཟང་ནས་བྱུང་བའི་གུ་རུ་དྲག་མཐིང་གི་བྱིན་རླབས། རྟ་མགྲིན་གསང་སྒྲུབ་བམ་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་སྔོན་དུ་འགྲོ་བའི་སྒོ་ནས། རྒྱབ་རྟེན་ལུང་ལ། རྟ་མགྲིན་གྱི་མངོན་རྟོགས་གཏེར་གཞུང༌། བདེ་གཤེགས་རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཅུད་ཐིག་ཅེས་བྱ་བར་ནང་གསེས་སུ་སྒོམ་རིམ་བསྡུས་པ། ཛཔྲ་དམིགས་ལ་བརྟེན་ནས་རང་གཞན་གྱི་དོན་སྒྲུབ་པ། བར་ཆད་གཞོམ་པ། སྡེ་བརྒྱད་གཟིར་བ། ལིངྒ་དང་འཁོར་ལོ་ལ་བརྟེན་པའི་ལས་སྦྱོར། རྩ་སྔགས། སྡེ་བརྒྱད་དབང་དུ་བསྡུ་བའི་ཤམ་བུ་སྔགས་དང་བཅས་ཡོད་པའི་གཏེར་གཞུང་འཁྲུལ་མེད། དབང་བསྐུར་བའི་ཆོ་ག་གཏེར་བྱོན། གཏོར་བསྔོ། བསྟོད་པ། རྟ་མགྲིན་གྱི་ཞལ་གདམས་ཟབ་མོ་ལ་ནང་གསེས་སུ། རྒྱལ་པོ་ཏིང་འཛིན་དང་སྔགས་ཀྱིས་གཅུན་པ། འཁོར་ལོ་དང་སྨྱག་ཤད་ཀྱི་དབྱུག་པ་ལ་བརྟེན་ནས་རྒྱལ་པོ་འདུལ་ཞིང་གནོན་པ། སྲུང་འཁོར། སྲུང་མདུད། སྐྱེར་སྒང་པས་ཆོས་སྐོར་འདི་རྣམས་ཨོ་རྒྱན་ལ་ཞུས་ཚུལ་དང་བཅས་པའི་ལུང༌། འདོད་བུམ་ནས་བྱུང་བའི་ཕྱག་རྡོར་དྲེགས་འདུལ་དང༌།