R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༤༥
[A:༤༥] བརྟན་མ་བཅུ་གཉིས་ཀྱི་རྗེས་གནང༌། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་ཆའི་སྟེང་ནས་ཐང་སྟོང་པའི་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་དབང་དང་ཡིག་ཆའི་ལུང༌། ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་ཆའི་སྟེང་ནས་ཚེ་དཔག་མེད་ལྕགས་སྡོང་མའི་དབང་དང༌། ཀུན་བཀྲས་པས་མཛད་པའི་ལྕགས་སྡོང་མའི་དབང་ཆོག་བཀླགས་པས་དོན་གྲུབ་དང༌། འཆི་མེད་འདོད་འཇོ་གཉིས་ཀྱི་ལུང༌། ཞྭ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་ཡིག་ཆའི་སྟེང་ནས་མདའ་འཕེལ་མའི་ཚེ་དབང་དང་ཡིག་ཆའི་ལུང་བཅས། སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་གྲ་མངོན་ལུགས་ཀྱི་ཛམ་དམར་རྗེས་གནང་ལུང་བཅས། རྗེ་རང་གིས་མཛད་པའི་བོད་སྐྱོང་བརྟན་མ་བཅུ་གཉིས་ལ་མཆོད་གཏོར་འབུལ་ཚུལ་གྱི་ལུང་བཅས་དང༌། ཁྱད་པར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་པ་ཕལ་ཆེར་གྱི་རྣ་བར་མ་ཐོས་པའི་གསེར་ཆོས་སྙན་བརྒྱུད་ཀྱི་སྐོར་ལ། འཕགས་ཡུལ་གྱི་པཎ་གྲུབ་རྒྱ་མཚོའི་གཙུག་རྒྱན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་བི་རཱུ་པས་རྒྱལ་ཡུམ་བདག་མེད་མ་ལས་དངོས་སུ་གསན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྐོར་ལ། ཚོགས་བཤད་དང༌། སློབ་བཤད་དུ་གྲགས་པ་གཉིས་ལས། དང་པོ་ལ་བླ་མ་ཚད་མར་བྱ་བའི་ཕྱིར། རྗེ་བཙུན་གྱིས་མཛད་པའི་ལམ་འབྲས་བུ་བླ་མ་བརྒྱུད་པའི་གསོལ་འདེབས་བླ་མ་རྡོར་འཛིན་མ་ཁ་སྐོང་དང་བཅས་པ། འཕགས་པས་མཛད་པའི་ལམ་འབྲས་བརྒྱུད་པའི་ཕྱག་མཆོད། བྲག་ཕུག་པས་མཛད་པའི་བརྒྱུད་འདེབས་ཁ་སྐོང་དང་བཅས་པ། ངོར་ཆེན་གྱིས་མཛད་པའི་བརྒྱུད་འདེབས་རྣམ་དག་མ་ཁ་སྐོང་དང་བཅས་པ་རྣམས་དང༌། ལམ་འབྲས་བརྒྱུད་པའི་རྣམ་ཐར་ཞིབ་མོ་རྡོ་རྗེ་བར་སྟོན་གྱིས་མཛད་པ། བླ་མ་བརྒྱུད་པ་རྒྱ་བོད་ཀྱི་རྣམ་ཐར་རྗེ་བཙུན་གྱིས་