[A:༤༨]འབྲས་གཞུང་བཤད་མན་ངག་གི་མཛོད་དེ་ཆོས་སྣ་བཅུ་གཉིས། ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱིས་བསྒྲིགས་པའི་གསུང་ངག་རིན་པོ་ཆེ་པུསྟི་དམར་ཆུང་ངམ་པོད་དམར་དུ་གྲགས་པ་ལ། ཆོས་ཚན་ཆེ་ཕྲ་ཐམས་ཅད་བསྡོམས་པས་བདུན་ཅུ་དོན་གསུམ་མཆན་དང་བཅས་པ། རྒྱལ་ཚབ་དམ་པས་མཛད་པའི་དཀར་ཆག་རྣམས་དང༌། གཞན་ཡང་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ཕྱི་བསྐྱེད་རིམ་གྱི་རྣམ་བཤད་གནད་ཀྱི་ཟླ་ཟེར། ལུས་དཀྱིལ་ལ་རྩོད་པ་སྤོང་བ་སྨྲ་བ་ངན་འཇོམས་དང༌། ལྟ་བ་ངན་སེལ་གཉིས། ཚོགས་འཁོར་གྱི་ཆོ་ག་གསང་བ་ཀུན་རྒྱན་དང༌། ཀུན་བཟང་རྣམ་རོལ་གཉིས། ཀྱེ་རྡོར་རྒྱུད་གསུམ་ལ་རྩོད་པ་སྤོང་བ་རྒྱུད་གསུམ་གནོད་འཇོམས་རྩ་འགྲེལ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་གའི་འགྲེལ་པ་ཕྲིན་ལས་རྒྱས་བྱེད། ཕྱི་ནང་གི་བསྐྱེད་རིམ་དང་ལམ་དུས་ཉམས་སུ་ལེན་ཚུལ་ཚིགས་བཅད་མ། མངོན་རྟོགས་ཚུལ་བཅུུ་བཞིའི་སྡོམ། བསྟོད་པ་ཉི་ཤུ་པའི་འགྲེལ་པ་རྣམས་དང༌། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལམ་འབྲས་ཀྱི་གླེགས་བམ་ལ། གསུང་ངག་ཁོག་ཕུབ་ཀྱི་ཟིན་བྲིས། སྣང་གསུམ་གྱི་ཁྲིད། རྒྱུད་གསུམ་གྱི་ཁྲིད། དམ་ཚིག་གི་རྣམ་བཤད་མདོར་བསྡུས། ཕྱི་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་བསྡུས་གཉིས ལུས་དཀྱིལ་གྱི་རྣམ་བཤད་ཉུང་ངུ༌། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་བྱ་ཚུལ། སློབ་མ་རྗེས་འཛིན། ཨཥྟའི་བཟླས་ལུང་བྱ་ཚུལ་ལ་ནང་གསེས་སུ་ལུགས་མི་འདྲ་བ་གཉིས། ཚར་གསུམ་ཁུག་པའི་བྱིན་རླབས། ལམ་དབང་གི་མཐའ་དཔྱོད་དང་ཟུར་འདེབས། བདག་མེད་མའི་བྱིན་རླབས། ལམ་ཟབ་ཕྱི་ནང༌། བླ་མ་རིན་འབྱུང་རྣམས་ཀྱི་བྱིན་རླབས། བིར་སྲུང་ཕྱི་མའི་བྱིན་རླབས་ངོར་ཆེན་གྱིས་མཛད་པ་ལ་ཟུར་འདེབས་ཅུང་ཟད་དང་བཅས་པ། བིར་སྲུང་ནང་མའི་བྱིན་རླབས་