[A:༤༩]བརྡ་དོན་གསལ་བའི་བྱིན་རླབས་གཉིས་ལས་གསུམ་བྱུང་བའི་གོ་དོན་དང་བཅས་པ། ལམ་སྦས་བཤད། བརྡ་ཚིག་བརྒྱུད་བཅས་ཀྱི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་སྒྲུབ་ཐབས་ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པ་ལ་ཟུར་འདེབས་ཅུང་ཟད་དང་བཅས་པ། སྒྲུབ་པ་ལུང་སྦྱིན་དང༌། གསང་བཅུའི་རྒྱས་གདབ་ཀྱི་ཕྱག་ལེན་རྣམས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། ཡིག་ཆ་དེ་རྣམས་དང་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་ཀུན་མཁྱེན་གྱིས་མཛད་པའི་རྣམ་འཇོམས་བིར་ལུག་ཀྱི་བྱིན་རླབས་བྱ་ཚུལ་དང༌། མགོན་རྐྱང་རྗེས་གནང་དང་བཅས་པ་རྣམས་ཀྱི་ལུང༌། ཆོས་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་ལམ་ཟབ་ཕྱི་མའི་ཉམས་ལེན་ཚིགས་བཅད་མ། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་གི་མཚམས་སྦྱོར་དང༌། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་སྔགས་འཆང་ཆེན་མོས་མཛད་པ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་སྐོར་ལ། ཀྱེ་རྡོར་མན་ངག་ལུགས་ཀྱི་ཕྱི་ནང་གི་མངོན་རྟོགས་བདག་འཇུག་དང་བཅས་པ་འཇུག་པ་བདེ་བྱེད། ཀྱེ་རྡོར་མངོན་རྟོགས་ཀྱི་རྣམ་བཤད་དགེས་རྡོར་ཆོས་ཀུན་གསལ་བའི་ཉིན་བྱེད། རྡོར་དྲིལ་བགྲང་ཕྲེང་དགང་བླུགས་བུམ་པ་རྣམས་ཀྱི་རྣམ་བཤད་ཕྲིན་ལས་ཀུན་ཁྱབ། བདུད་རྩི་རིལ་བུ་སྒྲུབ་ཚུལ་གྱི་ཡི་གེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བདུད་རྩིའི་རོལ་མཚོ། གསུང་ངག་ཆོས་འབྱུང་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་རྣམས་དང༌། རྗེ་རང་གིས་མཛད་པའི་དམ་ཚིག་རྡོ་རྗེའི་བསྒོམ་བཟླས་སྡིག་སྒྲིབ་ཀུན་འཇོམས་རྣམས་ཀྱི་ལུང་བཅས་ལེགས་པར་གསན་ཏོ། །གཉིས་པ་ཁྱད་པར་དུ་ངོར་ལུགས་ཐུན་མོང་མ་ཡིན་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྐོར་ལ། ཐོག་མར་བླ་མ་ཚད་མར་བྱ་བའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ་ལ་བསྟོད་པ་ཨ་ལ་མ་ནས་བཟུང༌། རྨོར་ཆེན་རྡོ་རྗེ་འཆང་གི་འཁྲུངས་རབས་གསོལ་འདེབས་ཀྱི་བར་གྱི་བླ་མ་བརྒྱུད་པ་ལ་གསོལ་