R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༦༠
[A:༦༠]བརྒྱད་པ་འཛིམ་ལོའི་འགྱུར། དུར་བདག་གི་སྒྲུབ་ཐབས་བཻ་རོ་ཙ་ནས་མཛད་པ་དང༌། ཇག་སྲུང་བཅས་འཛིམ་ལོའི་འགྱུར། དེའི་འགྲེལ་པ་བདག་གཞན་སྲུང་བའི་བསྙེན་སྒྲུབ་ལས་སྦྱོར་རྣམས་གསལ་བར་བཀོད་པ་ས་ཆེན་གྱིས་མཛད་པ། ལས་ཚོགས་དུམ་བུ་ལ། རིམས་ནད་སྲུང་བ། བསྙེན་པ་དང་སྒྲུབ་པ། ཙཀྲའི་རབ་གནས། སྲུང་བའི་མན་ངག་རྣམས་ཀྱི་ཡིག་ཆུང་རེ་རེ། ས་ཆེན་གྱིས་མཛད་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་མན་ངག །སྐུ་རྟེན་སྦ་བའི་མན་ངག །སྐུའི་མདུན་དུ་མཆོད་གཏོར་འབུལ་བའི་མན་ངག །ཡང་ཡབ་ཡུམ་གྱི་སྐུ་སྦ་བའི་མན་ངག །བསྟོད་བསྐུལ་དཔལ་ལྡན་དུར་ཁྲོད་བདག་པོ་མ། རྫས་དང་སྔགས་ལ་བརྟེན་ནས་སྨྱོ་བ་འདུལ་བ། དམ་ཉམས་བསྒྲལ་བའི་ལས་ཚོགས། དུར་བདག་ཡབ་ཡུམ་གྱི་རྗེས་གནང་བྱ་ཚུལ་ས་ཆེན་གྱིས་མཛད་པ། ཡར་ཀླུང་པས་མཛད་པའི་མཆོད་གཏོར་འབུལ་ཚུལ། རྗེས་གནང་དང་གཏོར་ཆོག་གི་ཡི་གེ་ཡར་ཀླུང་པས་མཛད་པ། དུར་བདག་གི་སྐོང་གསོ་དང་བསྟོད་བསྐུལ་གྱི་ཡི་གེ་སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པ། རྗེས་གནང་གི་ཡིག་རྙིང་རྫོགས་བྱང་གི་མཐའ་ཅན། དུར་བདག་གི་རྗེས་གནང་དང་མཆོད་གཏོར་འབུལ་ཚུལ་སངས་རྒྱས་རིན་ཆེན་གྱིས་མཛད་པ། རྗེས་གནང་བྱ་ཚུལ་སྔགས་འཆང་ཀུན་རིན་གྱིས་མཛད་པ། སྐོང་བཤགས་ཟློག་བསྐུལ་བསྟོད་པ་དང་བཅས་པ་བསམ་དོན་ཀུན་འགྲུབ་ཨ་མེས་ཞབས་ཀྱིས་མཛད་པ། བསྙེན་སྒྲུབ་བྱ་ཚུལ་ཤིན་ཏུ་གསལ་བ་དངོས་གྲུབ་མྱུར་སྩོལ་རྣམས་དང༌། རིགས་སྔགས་འཆང་བ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་མཛད་པའི་དུར་བདག་གི་སྒྲུབ་སྐོར་ཡོངས་སུ་རྫོགས་པ་དང་བཅས་པའི་ལུང༌། དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་སྲུང་མ་དཀར་བདུད་ལྕམ་དྲལ་གཉིས་ཀྱི་རྗེས་གནང་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་ཡིག་ཆ་ལྟར་དང༌། གཞན་ཡང་བོད་གངས་