[A:༦༦]བེར་ནག་ཟངས་གྲི་ཅན་དང༌། ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་ལུང་བཅས། སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་དང༌། རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོ་བཅས་ཀྱི་རྗེས་གནང་ལུང་བཅས། དཔལ་མགོན་གདོང་བཞི་པ་བསྙེན་དུས་ཀྱི་རྗེས་གནང་དང༌། དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་བཅས་སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། ཨ་མེས་ཞབས་ཀྱིས་མཛད་པའི་དུར་བདག་གི་སྐོང་བ་གཏོར་བསྔོ་བསྟོད་བསྐུལ་དང་བཅས་པའི་ལུང༌། གདོང་བཞི་པའི་བཀའ་སྡོད་གནོད་སྦྱིན་བེཀྩེ་ལྕམ་སྲིང་འཁོར་མང་གི་རྗེས་གནང་ཚར་ཆེན་གྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། འཁོར་ལོ་བདེ་མཆོག་གི་ཐུགས་ལས་སྤྲུལ་པའི་བསྟན་སྲུང་མགོན་པོ་ཕྱག་བཞི་པ་ལྷ་མང་ཕྱི་སྒྲུབ་ཀྱི་རྗེས་གནང་ཐར་པཎ་གྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། མངོན་པར་འབྱུང་བའི་རྒྱུད་ནས་བསྟན་པའི་མགོན་པོ་ཕྱག་དྲུག་པ་འཁོར་དང་བཅས་པའི་རྗེས་གནང་ངག་ཆོས་ཀྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། པཎྜི་ཏ་ལྭ་བ་དམར་པོ་ནས་བརྒྱུད་པའི་དཔལ་ལྡན་དམག་ཟོར་རྒྱལ་མོའི་རྗེས་གནང་སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་ལུང་བཅས། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ཕུར་པའི་མངོན་རྟོགས་ཉུང་བསྡུས་དང༌། ལས་བཞིའི་སྦྱིན་སྲེག་བཅས་ཀྱི་ལུང༌། སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་ཡང་ཕུར་གཉིས་ཀྱི་སྲུང་མ་དཀར་བདུད་ལྕམ་དྲལ་གཉིས་ཀྱི་རྗེས་གནང་ལུང་བཅས། བདག་ཆེན་རྒྱ་གར་བ་དང༌། སྔགས་འཆང་ཀུན་རིན་སོགས་ཀྱི་ཡིག་ཆའི་སྟེང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་དང༌། ཡིག་ཆ་རྣམས་ཀྱི་ལུང༌། ངག་ཆོས་ཀྱིས་མཛད་པའི་ཚེ་དབང་ལྕགས་