R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༨༣
[A:༨༣]མདོར་ན་ལུགས་གཉིས་ཆར་གྱི་སྒོ་ནས་བལ་བོད་དམག་འཁྲུགས་ཀྱི་དུས་ཟིང་འཇིགས་སུ་རུང་བའི་སྐབས་དེར་ནི་རྗེ་འདི་ཨེ་ཝྃ་པའི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་པ་ཡིན་ཏེ། དེའང་ལྕགས་ཁྱི་ལོར་གཙང་གི་ཕྱོགས་ཐམས་ཅད་བལ་དམག་གིས་ཁྱབ་སྟེ། དགོན་སྡེ་ཆུང་བ་ཕལ་ཆེ་བ་ནི་རྩད་ནས་སྟོངས། འགའ་ཞིག་ནི་སྟོང་ལ་ཁད་དུ་གྱུར། དགེ་འདུན་འདུས་པ་རྒྱ་མཚོ་གནམ་སའི་ཁྱོན་གང་བ་ཙམ་བཞུགས་པའི་ཆོས་གྲ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཡང་བལ་དམག་རྣམས་ཟླ་གཅིག་ཙམ་བསྡད་པ་སོགས་ཀྱིས་ཞབས་འདྲེན་ཤིན་ཏུ་ཆེ་བར་གྱུར་རུང༌། ཨེ་ཝྃ་པའི་ཆོས་གྲ་འདིར་ནི་ཉེར་འཚེ་ཅིའང་མ་བྱུང་ཞིང༌། སྐབས་ཤིག་ངོར་དུ་བལ་དམག་བཞི་བཅུ་སྐོར་སླེབ་ཀྱང༌། བལ་དམག་ཀུན་གྱི་མཐུན་སྣང་དུ། དགོན་འདི་མེ་ཕུང་ཆེན་པོ་ཞིག་གིས་གཏུམས་པར་མཐོང་བ་དང༌། ཁྱད་པར་བལ་དམག་རྣམས་རྟ་བབས་མཆོད་རྟེན་དུ་སླེབ་པ་ན། ངོར་གྱི་མདུན་རི་དཔའ་བོ་རིར་གྲགས་པ་ནས་གནའ་བ་གསུམ་གློ་བུར་དུ་ཐལ་གྱི་བྱུང་སྟེ་དམག་དཀྱིལ་དུ་རྒྱུག་པ་སོགས་བྱས་པར། བལ་དམག་རྣམས་ཀྱིས་དེ་ལ་གཏད་དེ་མེ་མདའ་ཁ་ཤས་འཕངས་ཀྱང་མ་ཕོག་པར་སླར་དགོན་པའི་ནུབ་རིའི་ངོས་སུ་སོང་བ་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་ཞིང༌། དེའི་རྐྱེན་གྱིས་བལ་དམག་རྣམས་ཀྱང་རྟོག་པ་ཆེར་སྐྱེས་ཏེ་ཡར་འོང་མ་ནུས་པར་ཕྱིར་ལོག་སོང་བ་རྫོང་ལུག་རིའི་ཐད་ཀྱི་སྲིན་ཡ་རི་གདོང་དུ་སླེབ་ཙ་ན། མདའ་དཔོན་ཕ་ལྷ་དཔོན་འཁོར་རྣམས་དང་ཐུག་སྟེ་བལ་དམག་རྣམས་ལ་ལ་བསད། ལ་ལ་འཁྲིད་སོང་བས་ཆོས་སྐྱོང་གིས་འཕྲིན་ལས་མངོན་སུམ་དུ་བསྒྲུབས་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་ཅིང༌། སྐྱེ་བོ་ཕལ་ཆེ་བས་ནི་དེང་སྐབས་ངོར་གྱི་གདན་ས་འཛིན་པའི་མཁན་པོ་ཆོས་ཀྱི་རྗེ་འདི་མཐུ་