[B:53a]པོའི་དྲི་ལ་རྒྱུག་པ་བཞིན། །
མདོ་རྒྱུད་རྒྱ་ཆེན་ཐོས་པའི་ཆུ་གཏེར་འཛིན། །
ཟབ་ལམ་སྨིན་གྲོལ་གདམས་པའི་ནོར་བུས་ཕྱུག།
ཁམས་གསུམ་འགྲོ་ལ་རྒྱལ་བའི་མཛད་པ་བསྟན། །
ཟླ་མེད་ཁྱོད་ནི་རྒྱལ་བ་གཉིས་པར་གྲགས། །
རྣམ་པར་འདྲེན་པ་གཅིག་གི་བསྟན་པ་ལ། །
སྟོན་པ་གཉིས་པ་འབྱུང་མིན་ཞེས་འདི་བརྫུན། །
ངེས་པར་བདེན་ན་རྫོགས་པའི་སངས་རྒྱས་ཁྱོད། །
ཐུབ་ཆེན་བསྟན་པའི་བདག་པོར་ཅི་སླད་འབྱོན། །
འོན་ཀྱང་ཤཱཀྱའི་རྒྱལ་པོ་རང་ཉིད་ཀྱིས། །
བསྟན་པའི་རྒྱལ་སྲིད་སྙིགས་མའི་རྒུད་པ་ཡིས། །
ཉམས་པ་གཟིགས་ནས་རྒྱ་ཆེར་སྤེལ་བའི་[A:176]ཕྱིར། །
དེ་ཉིད་ཞིང་འདིར་སླར་ཡང་བྱོན་པར་ངེས། །
བློ་ཆེན་རྣམས་ཀྱིས་ཁྱོད་ཀྱིཀྱིས
ཀྱིས་ཡོན་ཏན་ཚད། །
ཕྱོགས་རེ་ནས་བརྩམས་གཞལ་ཡང་གཏུགས་མི་འགྱུར
འགྱུར་ཏེའགྱུར་ཏེ་། །
མཁའ་མཐའ་འཚོལ་བའི་འདབ་བཟང་རང་སྟོབས་ཉིད། །
ཟད་ནས་ལྡོག་གི་ནམ་མཁའ་དེ་ལྟ་མིན། །
ཨ་ཧོ་རྗེ་བཙུན་བླ་མའི་རྣམ་ཐར་ཆེ། །
མཆོག་ཏུ་ངོ་མཚར་ཟབ་ཅིང་རྒྱ་ཆེའི་ཚུལ། །
ཇི་བཞིན་བསྙད་ན་སྐལ་བཟང་དད་ལྡན་རྣམས། །
ཀུན་མཁྱེན་ཁོ་ནའི་ངེས་ཤེས་ཅིས་མི་སྐྱེ། །
དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་འཆད་རྩོད་རྩོམ་གསུམ་གྱིས་ཐུབ་བསྟན་གསལ་བར་མཛད་པའི་སྐབས་ཏེ་བཅུ་གཅིག་པའོ། །
CHAPTER 12: Passing away; A: pp. 176-207; B: ff. 53a5-61b5
src: The input of the following chapter is done on the basis of the published text (A); readings of the blockprint (B) are not indicated
བཅུ་གཉིས་པ་ཅུང་ཟད་བསྙུན་པའི་ཚུལ་དང་སྐུ་གསུམ་མངོན་དུ་མཛད་པའི་རྣམ་པར་ཐར་པ་ནི།
ཀུན་འབྱུང་འཁོར་བའི་སྡུག་བསྔལ་མེ་འོབས་བརྒལ། །
དགའ་བདེའི་འབྱུང་གནས་སྐུ་གསུམ་གོ་འཕང་གྲུབ། །
རྣམ་གྲོལ་རྒྱལ་བའི་མཛད་པས་གདུལ་བྱ་བཏུལ། །
དཔལ་ལྡན་བླ་མ་ཕྲིན་ལས་བཟང་པོ་རྒྱལ། །
མགོན་པོ་འཆི་བའི་བདུད་བཅོམ་ཞིང་། །
རྟག་བརྟན་ཞི་བ་གཡུང་དྲུང་གི་།
གོ་འཕང་མཆོག་ནི་མངོན་དུ་གྱུར། །
[A:177]འོན་ཀྱང་གཙང་བདེ་རྟག་པ་ཡི། །
འདུ་ཤེས་དམ་འཁྱུད་ལེ་ལོ་ཅན། །
རྣམས་ལ་ལྷག་པར་མཉེས་གཤིན་པས། །
འདི་ཡི་མཛད་པ་ལྷག་མའི་ཁུར། །