R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 60b
[B:60b]པའི་ཕུལ་ཀུན་ཏུ་འཆང་ཡང་། གཉིས་སུ་འཛིན་པའི་ར་རི་མི་མངའ་བས་ཆོས་ཐམས་ཅད་ཀྱི་ངོ་བོར་བཞུགས་མོད། གང་ལ་གང་འདུལ་བའི་ཐུགས་རྗེ་དང་ཐབས་མཁས་པའི་ཕྲིན་ལས་རྒྱུན་མི་ཆད་པའི་དབང་འབྱོར་བ། བླ་མ་དཔལ་རབ་དགྱེས་ཧེ་རུ་ཀ་དེ་ཉིད་དཔའ་བོ་མཁའ་འགྲོ་མཆོད་པའི་བྱེད་པ་པོ་བསམ་གྱིས་མི་ཁྱབ་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་དུས་ཡོལ་བ་མེད་པར་སྤྲོ་བའི་དབུས་ན། སེམས་ཅན་གྱི་ཁམས་ཇི་སྲིད་ཀྱི་བར་བཞུགས་པའོ། ། དེ་ནས་པུ་ཤུ་སྟེ་བྲེ་ནི་འཕགས་ལམ་བརྒྱད་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་བྲེ་རྟེན་གྱི་ངོས་ལ་སེ་ཆེན་གན་མཛོད་མ་ཞེས་པ་སོགས་ཀྱི་རིན་པོ་ཆེ་མཚུངས་བྲལ་བཞིས་བརྒྱན་ཞིང་། ཁ་ ཁྱེར་བཞི་ལ་དཔལ་ དགྱེས་པ་རྡོ་རྗེ་ཧེ་རུ་ཀ་བཞིའི་སྙིང་པོ་ལས། སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་སྙིང་པོ་ཨོཾ་ཏྲེ་ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གསུང་རྡོ་རྗེ་ཞལ་གསུམ་ཕྱག་བཞི་པའི་སྙིང་པོ་ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཐུགས་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པའི་སྙིང་པོ་ཨོཾ་ཀ་ཊ་ཀ་ཊ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། [A:203]སྙིང་པོ་ཀྱེ་རྡོ་རྗེའི་སྙིང་པོ་ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་འཕགས་ཡུལ་མཆོག་གི་ཡི་གེའི་རྣམ་པར་སྤྲས་པའོ། ། དེའི་སྟེང་དུ། ཤེས་པ་བཅུའི་སྙིང་པོ་ཅན་གྱི་སྲོག་ཤིང་ལ་བརྟེན་པའི་སྟོབས་བཅུ་དང་དྲན་པ་ཉེ་བར་གཞག་པ་གསུམ་གྱི་འཁོར་ལོ་བརྩེགས་མ་བཅུ་གསུམ་ལ། དཔལ་རྡོ་རྗེ་ཐེག་པའི་ཡང་སྙིང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་ཅན་ཀྱེ་རྡོ་རྗེ་མཆོག་གི་གཞི་ལམ་འབྲས་བུའི་ཆོས་ཀྱི་ཕུང་པོ་དུས་ཆད་པ་མེད་པར་གསུངས་པའི་ཡང་རྩེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པའི་རིམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནས། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་བར་གྱི་བླ་མ་རྣམས་ཀྱི་མཚན་རིན་པོ་ཆེའི་ཕྲེང་བ་ལེགས་པར་སྦྱར་བའི་སྐད་ལས་དྲངས་ཏེ། འཕགས་ཡུལ་གྱི་ལཉྫའི་སྣང་བརྙན་དུ་རིམ་པར་བཀོད་ལ། རིན་པོ་ཆེའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ཀྱང་ཉེ་བར་མཛེས་པའོ། ། དེའི་སྟེང་དུ་ཆར་ལེབས་ནི་བདེན་པ་གཉིས་མཐར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་དམིགས་པའི་ཕྱོགས་སུ་ལྷུང་བ་ཐམས་ཅད་དང་བྲལ་བའི་ཐུགས་རྗེ་ཆེན་པོས་འཇིག་