R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༠
[A:༢༥༠]མཇལ་བ་དང་ཆབས་ཅིག་ས་སྐྱ་གཞུང་གི་འབུལ་བར། མཎྜལ་སྐུ་གསུང་ཐུགས་རྟེན། དར། རས། ལིང༌། གོས་ཆེན་གྱི་རིགས་དང༌། སྤུ་ཤུན་གྱི་རིགས་མང་པོ། མཆོད་ཆ་དང་གོས་ཆས་དང་ཐབ་ཆ་སོགས་དངོས་ཆས་ཀྱི་རིགས་སྣ་ཚོགས། རྒྱ་དངུལ་འདེགས་སྲང་བརྒྱ་ཐམ་པ། ལྗོན་ཇ་འཁོར་དྲུག་ལྔ་བཅུ། རྟ་དྲེལ་བཞི་བཅས་ཕུལ་བ་དང༌། ཁྲི་ཆེན་རིན་པོ་ཆེ་སྐུ་སྒེར་གྱི་འབུལ་བར། དར། རས། ལིང་ལ་སོགས་པའི་ཚན་གྲངས་དང༌། ལྗོན་ཇ་འཁོར་ལྔ། ཆིབས་པ་གཅིག་བཅས་ཕུལ་བ་དང༌། སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་པ་དང༌། མཁྱེན་བརྩེ་ནུས་པའི་དབང་ཕྱུག་མགོན་པོ་དངོས་གྲུབ་དཔལ་འབར་བ་དང༌། མདོ་སྔགས་བསྟན་པའི་མངའ་བདག་འཇམ་མགོན་ཀུན་དགའ་རྒྱལ་མཚན་པ་དང༌། མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ་བཅས་ཀྱི་སྐུ་སྒེར་སོ་སོར་ཡང༌། དར། རས། ལིང་ལ་སོགས་པའི་ཚན་གྲངས་དང༌། ལྗོན་ཇ་འཁོར་དྲུག་གསུམ་རེ། ཆིབས་པ་རེ་རེ་བཅས་དང༌། གདུང་སྲས་འཇམ་མགོན་རྡོ་རྗེ་རིན་ཆེན་པ་དང༌། ངག་དབང་བཀྲ་ཤིས་རིན་ཆེན་པ་གཉིས་ཀྱི་སྐུ་སྒེར་སོ་སོར་ཡང་ལྗོན་ཇ་འཁོར་དྲུག་གསུམ་རེ་དང་ཚན་གྲངས་ཁ་ཤས། གཞན་ཡང་བཀྲ་ཤིས་བརྩེགས་སུ་བཞུགས་པའི་རྗེ་བཙུན་མ། ཞབས་བརྟན་ལྷ་ཁང་དུ་བཞུགས་པའི་རྗེ་བཙུན་མ། བཙུན་མོ་ཕོ་བྲང་གི་རྗེ་བཙུན་མ་གཉིས་དང༌། བདེ་མཆོག་རྗེ་བཙུན་མ། ཁྲོ་ཁང་རྗེ་བཙུན་མ་བཅས་དང༌། ལྷ་ཁང་མཁན་རིན་པོ་ཆེ་བཅས་སུ་སོ་སོར་ཚན་གྲངས་ཁ་ཤས་དང༌། ལྗོན་ཇ་འཁོར་དྲུག་རེ་རེ། ས་སྐྱ་ཞབས་པད་པར་ལྗོན་འདབ་འཁོར་དྲུག་གསུམ་དང༌། རྟ་གཅིག །གཞན་ཡང་གསོལ་གཟིམ་དང༌། མགྲོན་གཉེར་དང༌། དྲུང་ཡིག་དང༌། ལྡེ་ཕྱུང་བ་དང༌། རྩྭ་གཉེར་དང༌། ཤིང་གཉེར་སོགས་ལའང་འདྲིས་ཟབ་དང་བསྟུན་པའི་ཇ་གསར་སྐབས་སུ་གང་བབ་རེ་དང༌། ཁྱད་པར་ཕྱོགས་དེའི་རྟེན་གསུམ་ངོ་མཚར་