R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༨
[A:༢༥༨] གོས་ཡུག་གི་འཕན་བཅས་སྦྱོར་འཇགས་མཛད་པ་དང༌། ཕན་བདེ་ཀུན་ཁྱབ་གླིང་གི་བླ་བྲང་རང་དུའང༌། ཆོས་རྒྱལ་མཆོག་གི་དབུའི་མཆོད་གནས་རིམ་བྱོན་གྱི་ཉེར་མཁོའི་སྦྱོར་འཇགས་སུ། གསེར་ཟངས་ལས་གྲུབ་པའི་བཅུ་གཅིག་ཞལ་རྒྱབ་ཡོལ་དང་བཅས་པར་ཁྲུ་ཕྱེད་དོ་ཙམ་ཡོད་པ་ཞིག་དང༌། གཞན་ཡང་མཁར་རག་དང་སྨན་འདམ་ལས་གྲུབ་པའི་སྐུ་འདྲ་ཁ་ཤས། སྟོན་པ་གཙོ་བོར་བཞུགས་པའི་ཉེ་སྲས་བརྒྱད་ཀྱི་ཞལ་ཐང་གྲས་འགྲིག་དགུ། འཇམ་དབྱངས་སྟོང་སྐུའི་གསེར་ཐང་གྲས་འགྲིག་ལྔ། རྣམ་རྒྱལ་སྟོང་སྐུའི་ཞལ་ཐང་གྲས་འགྲིག་ལྔ། གྲུབ་ཆེན་བརྒྱད་བཅུའི་ཞལ་ཐང་གྲས་འགྲིག་དགུ། གཞན་ཡང་མཛད་བཅུའི་ཞལ་ཐང་དང༌། འོད་དཔག་མེད་ཀྱི་ཞིང་བཀོད་དང༌། ཀུན་རིག་རྩ་ལྷ་དང༌། མཁའ་སྤྱོད་མ་དང༌། རྣམ་པར་རྒྱལ་མ་དང༌། སྒྲོལ་ལྗང་དང༌། ཡང་གྲུབ་ཆེན་བརྒྱད་ཅུ་དང༌། ཆོས་སྲུང་སྟག་ཞོན་དང༌། རྣམ་སྲས་རྟ་བདག་བརྒྱད་ལ་སོགས་པའི་ཞལ་ཐང་མང་པོ་དང༌། གསུང་གི་རྟེན་དུ་འབུམ་པུསྟ་ཀ་བཅུ་གཉིས་ཅན་གཉིས་དང༌། བརྒྱད་སྟོང་པ་དང༌། སངས་རྒྱས་མཚན་འབུམ་དང༌། གྲྭ་ཏོག་གསེར་གསུམ་དང༌། བཀའ་ཐང་སྡེ་ལྔ་དང༌། ཀླུ་འབུམ་དཀར་ནག་ཁྲ་གསུམ་བཅས་ཀྱི་གླེགས་བམ་དང༌། ཐུགས་ཀྱི་རྟེན་དུ་གསེར་ཟངས་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དང༌། ལིའི་མཆོད་རྟེན་བཅས་དང༌། མཆོད་པའི་ཡོ་བྱད་ཀྱི་སྐོར་ལ། གོས་ཆེན་གསེར་མའི་ཕྱེ་ཕུར་གསར་ལེགས་ཆ་གཅིག་དང༌། གོས་ཆེན་གྱི་རྒྱལ་མཚན་གསར་པ་ཆ་དང༌། གོས་ཆེན་གྱི་ཡོལ་བ་དང༌། གོས་ཆེན་གྱི་ཀ་འཕན་བཟང་ཞན་བརྒྱད་ཙམ་དང༌། རས་ཁྲའི་གནམ་རྒྱན་ཁ་ཤས་དང༌། གོས་ཆེན་གྱི་གཡབ་དར་དང༌། རྐང་གླིང་ཆ་དང༌། ལི་རག་སོགས་ལས་གྲུབ་པའི་ཕུད་ཕོར་དང་མཆོད་ཀོང་ཆེ་འབྲིང་སྣ་ཚོགས་པ་དང༌། ཆོས་སྲུང་རྣམས་ཀྱི་སྤྱན་གཟིགས་སུ་རལ་གྲི་གསེར་ཤན་