[A:༢༦༢]གཉེར་སོགས་སུའང་གོ་བབས་དང་འདྲིས་ཟབ་དང་བསྟུན་པའི་ཇ་གསར་གྱི་ས་བཅད་རེ་དང༌། ཁྱད་པར་སྲིད་ཞིའི་མཆོད་སྡོང་ཟླ་མེད་པ་ཇོ་ཤཱཀ་རྣམ་གཉིས་ཀྱི་མདུན་དུ་སྟོང་མཆོད་རྒྱས་པ་དང༌། གཞན་ཡང་རྟེན་གསུམ་ཡོངས་ལ་གསེར་གསོལ་དང་མཆོད་འབུལ་ལ་སོགས་པ་དང༌། རྩེ་རྣམ་རྒྱལ་གྲྭ་ཚང༌། གླིང་ཁག་བཞིའི་གྲ་ཚང༌། འབྲས་སྤུངས་འདུས་སྤྱི། དེའི་ནང་གསེས་གླིང་ཁང་ཚན། སེར་འདུས་སྤྱི། དེའི་ནང་གསེས་ཏྲེ་བོ་ཁང་ཚན། དགའ་ལྡན། རྒྱུད་སྟོད་སྨད། རྨེ་རུ། བཞི་སྡེ་རྣམས་སུ་མང་ཇའི་བསྙེན་བཀུར་དང༌། སྨོན་ལམ་ཆེན་མོའི་སྐབས་ཀྱི་འདུས་ཚོགས་སུ་མང་ཇ་གཉིས་ཀྱི་བསྙེན་བཀུར་ཞུ་བའི་དོད་དུ་བཟང་ཇ་འཁོར་དྲུག་བདུན་ཅུ་ཐམ་པ་ལྷ་ས་བླ་བྲང་གི་ཕྱག་མཛོད་པར་ཕུལ་བ་སོགས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལ་ཅོ་འདྲི་བ་བཞིན་མཛད་ནས་ལྷ་ལྡན་ནས་ཆིབས་བཏེག །ཡར་ལམ་ལྕགས་ཟམ་ཆུ་བོ་རིའི་དགོན་པར་མང་འགྱེད་དང༌། ལྕགས་ཟམ་བླ་མ་རིན་པོ་ཆེར་ལྗོན་ཇ་འཁོར་གཅིག་གི་གཙོས་པའི་ཚན་གྲངས་ཁ་ཤས་དང་བཅས་པའི་འབུལ་བ་དང༌། རོང་དུ་བྱམས་ཆེན་བཞུགས་པའི་དགོན་པར་མང་འགྱེད་ཀྱི་བསྙེན་བཀུར་དང༌། གཏན་གཞག་སོགས་སྩོལ་བཞིན་པའི་སྒོ་ནས་རིམ་གྱིས་གཞིས་རྩེར་ཕེབས། བཀྲས་ལྷུན་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ཆབས་ཅིག་མཎྜལ་སྐུ་གསུང་ཐུགས་རྟེན། གསོལ་ཇ་བཞེས་འབྲས་ཀྱི་དོད་དང༌། རྒྱ་དངུལ་འདེགས་སྲང་ལྔ་བཅུ་ཐམ་པ། བཟང་ཇ་འཁོར་དྲུག་བཞི་བཅུ། རྟ་དྲེལ་བདུན། མཆོད་ཆ་དང༌། ཐབ་ཆའི་སྐོར་སྣ་ཚོགས། དར། རས། ལིང༌། སྤུ་ཤུན་ལ་སོགས་པའི་ཚན་གྲངས་ཤིན་ཏུ་མང་བ་ཕུལ་བ་དང༌། ཞབས་པད་མདུན་དུའང༌། ལྗོན་ཇ་འཁོར་དྲུག་བདུན་དང༌། རྟ་གཅིག་བཅས་དང༌། གཞན་ཡང་རྩེའི་