[A:༣༠༩]མཐོ་ཡང་དམའ་བ་ཉིད་དུ་ལྷུང༌། །ལ་ལ་ཐེག་དམན་ལ་འཆེལ་ནས། །ཐེག་པ་ཆེན་པོར་མི་འཇུག་པ། །དེ་དག་བུད་མེད་ལ་སྲེད་པས། །རྒྱལ་སྲིད་འབྱོར་པ་བཏང་བ་བཞིན། །འཕགས་རྣམས་སྡིག་པ་གཞིལ་བའི་སླད། །དམ་ཆོས་བདུད་རྩི་བསྟེན་པ་སྟེ། །ཀྱེ་མ་སྐལ་བ་མེད་རྣམས་ཀྱིས། །ཆོས་ལ་བརྟེན་ནས་མི་དགེ་སྒྲུབ། །མགོན་ཁྱོད་དེ་ཚུལ་རིང་དོར་ནས། །རང་སྲོག་བས་ཀྱང་ཚུལ་ཁྲིམས་ལ། །གཅེས་པར་བསུང་འདིས་ཉེས་སྤྱོད་རྣམས། །ཁྲོས་ནས་གཞན་དུ་སོང་བ་སྙམ། །ཚུལ་ཁྲིམས་དག་པའི་ལུས་མཆོག་ལས། །དྲི་ཞིམ་སྤོས་ཀྱི་ངད་ལྡང་བ། །འཇིག་རྟེན་ཁམས་འདིར་མཆིས་པ་ཡི། །སྤོས་མཆོག་བརྒྱ་ཡིས་བསྒྲུན་དུ་མེད། །ཁྱད་པར་བྱང་ཆུབ་སེམས་དཔའ་ཡི། །སྡོམ་པའི་དཔུང་ཚོགས་ཡན་ལག་བཞིས། །རང་དོན་ཡིད་བྱེད་དགྲ་ཚོགས་ཀུན། །མིང་ཙམ་ཞིག་ནི་ལྷག་མར་བྱས། །འགྲོ་ཀུན་སྙིང་ལ་བདེ་སྟེར་བའི། །གཞན་ཕན་ལས་འདི་བདུད་རྩི་སྟེ། །ཚུལ་མིན་ཡིད་བྱེད་གཅོད་པ་ལ། །སོག་ལེ་བས་ཀྱང་ཤིན་ཏུ་རྩུབ། །མགོན་ཁྱོད་རིས་མེད་འགྲོ་བ་ལ། །འདོད་རྒུ་སྦྱིན་པའི་དཔག་བསམ་ཤིང༌། །ཁྱད་པར་ཤིན་ཏུ་ཉམ་ཐག་དང༌། །གནོད་བྱེད་རྣམས་ཀྱི་གཉེན་བཤེས་ཡིན། །རིག་འཛིན་སྔགས་ཀྱི་སྡོམ་པ་ཡི། །ནོར་བུའི་གླིང་དུ་རབ་ཞུགས་ཏེ། །དྲན་དང་ཤེས་བཞིན་ཆུ་རྒྱུན་གྱིས། །སྤང་བྱའི་དྲི་མ་མཐའ་དག་བཀྲུས། །སྣང་བ་ལྷ་རུ་ཤར་བ་དང༌། །རླུང་སེམས་དབུ་མར་བསྡུ་བ་དང༌། །ལྟ་བ་འཁོར་འདས་དབྱེར་མེད་ཀྱིས། །ས་དང་ལམ་གྱི་རྩེ་མོར་བགྲོད། །ཇི་ལྟར་དྭངས་པའི་རྫིང་བུ་རུ། །ཀུན་གྱི་གཟུགས་བརྙན་ཤར་བ་བཞིན། །སྒྲིབ་བྲལ་ཡེ་ཤེས་མེ་ལོང་དུ། །དག་པའི་གཟུགས་བརྙན་ཅི་ཡང་འཆར། །སྟོན་དང་གཉིས་མིན་དགྲ་བཅོམ་པའི། །དགྱེས་