[A:༣༣༡]རེ་ཕུལ་བ་དང༌། བླ་བྲང་ཕན་བདེ་ཁང་གསར་དུ་མཁན་རིན་པོ་ཆེ་དང་ཞབས་དྲུང་གཉིས་ཀ་དེ་སྐབས་ཁམས་སུ་ཕེབས་ནས་བཞུགས་མེད་ཀྱང༌། དེ་དག་གི་འབུལ་སྐལ་དང་མཆོད་ཐེབས་ཀྱི་ཞབས་འདེབས་བཅས་སུ་སྟོན་པའི་གསེར་སྐུ། རྡོ་དྲིལ་དང༌། རྒྱ་རོལ་ཆ། དངུལ་ཏིང་བདུན་ཚར། རས་ལྷྭམ། ཆུང་ཇ་འཁོར་གཉིས་བཅས་ཕུལ་བ་དང༌། བདུན་ཚིགས་དང་པོ་རྫོགས་ཉིན་ཀུན་རིག་གི་རྡོ་རྗེ་སློབ་དཔོན་དུ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་གདན་ཞུས་ཀྱི་འབུལ་བར་གསེར་ཟངས་ཀྱི་སྒྲོལ་དཀར། ཟངས་བུམ་དངུལ་ཁམ་ཁ་རྒྱན་དང་བཅས་པ་ཆ་གཅིག །རྒྱ་རོལ་ཆ། དངུལ་གྱི་ཏིང་ཕོར་བདུན་ཚར། གོས་ཆེན་གྱི་སྟོད་འབོགས། སྐུ་བེར། ཞབས་ལྷྭམ་འཇའ་ཆེན། ཕྱིང་ཁྲ། ལྗོན་ཇ་འཁོར་དྲུག་གཅིག །འབྲས་དོ་སོགས་ཕུལ་བ་དང༌། བདུན་ཚིགས་གཉིས་པ་རྫོགས་ཉིན་ཁང་སར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ་གདན་ཞུས་ཀྱི་འབུལ་བར་གསེར་ཟངས་ཀྱི་ཇོ་བོ། ཏིང་ཤགས་དངུལ་ཐག་ཅན། རྒྱ་རོལ་ཆ། དངུལ་གྱི་ཏིང་ཕོར་བདུན་ཚར། དངུལ་གྱི་མཆོད་ཀོང༌། ཟངས་བུམ་དངུལ་ཁམ་ཁ་རྒྱན་དང་བཅས་པ་ཆ། གོས་ཆེན་གྱི་སྟོད་འབོགས། གོས་སྒྲིམ་གསེར་གྱི་མཐའ་ལྕགས་ཅན་གྱི་སྐུ་གཟན། གོས་ཆེན་གྱི་ཞབས་ལྷྭམ་འཇའ་ཆེན། ས་གདན། ལྗོན་ཇ་འཁོར་དྲུག་གཅིག །འབྲས་ལྟང་བཅས་ཕུལ་བ་དང༌། བདུན་ཚིགས་གསུམ་པ་དང༌། བཞི་པ་དང༌། ལྔ་པ་རྣམས་སུ་ཁང་སེར་དཔོན་སློབ་རིན་པོ་ཆེ་དང༌། དཔོན་སློབ་ལས་ཐོག་པ་དང༌། ཕུ་མགོ་སྤྲུལ་སྐུ་བཅས་གདན་ཞུས་ཀྱིས་སོ་སོར་རྡོར་དྲིལ་དང༌། ཕྲུག་གཟན་དང༌། ལྗོན་ཇ་འཁོར་རེ་རེ་བཅས་ཕུལ་བ་དང༌། བདུན་དྲུག་པར་ལུང་རིག་སྨྲ་བ་སྤྲུལ་སྐུ་ཤེས་རབ་རྒྱ་མཚོ་བར་ཡང་འབུལ་བ་གང་འོས་དང༌། བདུན་ཚིགས་བདུན་པ་རྫོགས་ཉིན་གྱི་ཚོགས་