R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༧༥
[A:༡༧༥]མཛད་པའི་ལུང༌། གསང་བ་སྤྱི་རྒྱུད་ནས་གསུངས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་ཡིག་ཆ་ཐར་རྩེ་པན་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ལུང༌། འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྗེས་སུ་གནང་བ་དང༌། དེའི་བསྟོད་པ་པཎྜི་ཏ་མ་ཏིས་མཛད་པ། སྒྲུབ་སྐོར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་པ། སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་ཐར་པཎ་གྱིས་མཛད་པ། སྨོན་ལམ་པཎྜི་ཏ་རིག་པའི་ཁུ་བྱུག་གིས་མཛད་པར་གྲགས་པ། སྦྱིན་སྲེག་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་ཀྱི་ལུང༌། འཇམ་དབྱངས་དང་ས་པཎ་སྦགས་ཏེ་སྒྲུབ་པའི་བྱིན་རླབས་དང༌། དེའི་ཡིག་ཆ་ངག་དབང་ཆོས་གྲགས་དང༌། ཚོགས་བསག་པ་ཀུན་དགའ་ཚུལ་ཁྲིམས་ཀྱིས་མཛད་པའི་ལུང༌། འཇམ་པའི་དབྱངས་ལ་བསྟོད་པ་གང་བློ་མ་ལ་བརྟེན་པའི་འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་རིག་གཏད། དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འཕགས་མ་རིག་པ་ཆེན་མོའམ་གཟའ་རྣམས་ཀྱི་ཡུམ་དུ་གྲགས་པ་གཙོ་འཁོར་རྣམས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པ། བསྟོད་པ་བསྟན་འཛིན་རྡོ་རྗེས་མཛད་པ་བཅས་ཀྱི་ལུང༌། དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་སུ་གནང་བ་དང༌། དེའི་བསྟོད་པ་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། སྒྲུབ་རྗེས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བརྒྱུད་འདེབས་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ་ཁ་སྐོང་དང་བཅས་པ། སྦྱིན་སྲེག་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་རྣམས་ཀྱི་ལུང༌། གཙུག་ཏོར་གདུགས་དཀར་གྱི་བྱད་འགྲོལ་རྨོར་ཆེན་པའི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་གཙུག་ཏོར་འབར་བའི་རྗེས་གནང་བྱད་འགྲོལ་