[A:༡༧༦]དང་བཅས་པ། དེའི་ཡིག་ཆ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་ལུང༌། ཁྲོ་རྒྱལ་མི་གཡོ་བ་དཀར་པོའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང༌། བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། ཐར་རྩེ་པཎ་ཆེན་གྱིས་མཛད་པའི་དབང་གི་མཚམས་སྦྱོར་དང༌། རབ་གནས་བྱ་ཚུལ། སྦྱིན་སྲེག་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཚེ་སྒྲུབ་ཀྱི་གདམས་པ་ཟབ་མོ་ཐུན་མོང་མ་ཡིན་པ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པ་རྣམས་ཀྱི་ལུང༌། ཚེ་དཔག་མེད་འཆི་མེད་རྔ་སྒྲ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པ། དེའི་ལྷན་ཐབས་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་བཅས་ཀྱི་ལུང༌། གྲུབ་ཆེན་མི་ཏྲ་ཛོ་ཀིས་བཀྲལ་བའི་ཚེ་དཔག་མེད་དཀར་པོའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པ། ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་འཆི་བ་བསླུ་བའི་མན་ངག་དང༌། ཞུ་ཆེན་གྱིས་མཛད་པའི་ཁ་འབར་མ་དཀར་མོའི་འཆི་བསླུ་དང་བཅས་པ་རྣམས་ཀྱི་ལུང༌། པདྨའི་རིགས་ཀྱི་བདག་པོ་འཕགས་པ་བཅུ་གཅིག་ཞལ་གཙོ་རྐྱང་གི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། སྨྱུང་གནས་ཀྱི་ཆོ་ག་ཞུ་ཆེན་གྱིས་མཛད་པ་བཅས་ཀྱི་ལུང༌། སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པ། ལས་ཁ་ཚར་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་རྣམས་ཀྱི་ལུང༌། འཇིག་རྟེན་དབང་