R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༧༩
[A:༡༧༩]བརྩེགས་ས་ལུགས་སུ་གྲགས་པ་དུད་ཀའི་རྗེས་གནང་ཁྲུས་དང་བཅས་པ་དང༌། དེའི་ཞལ་གདམས་ཟབ་མོ་ས་པཎ་གྱིས་མཛད་པ། རྨོར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་ཁྲུས་ཆོག་བཅས་དང༌། བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་གྲིབ་མདོས་བཅས་ཀྱི་ལུང༌། ཇོ་བོའི་ལུགས་ཀྱི་དམེ་བརྩེགས་ལྗང་ནག་གི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པ། ལས་ཚོགས་ལ་གྲིབ་སྲུང་བ། སེར་བ་སྲུང་བ། རིམས་ནད་སྲུང་བ། ཕྱུགས་ནད་སྲུང་བ། མི་ལོ་ནད་ཅན་སྲུང་བ། ར་ལུགས་ལ་སྤྱང་ཀི་སྲུང་བ། འབྲས་ཕོལ་ལྷོག་པ་གསོ་བ། ནད་པའི་སྔས་སྲུང་བ། ཞིང་གི་འབུ་སྲུང་བ། བང་མཛོད་སྲུང་བ། འགོང་པོ་སྲེག་པ། དམེ་གྲིབ་སྲུང་ཐབས་དང་བཅས་པ་རྣམས་ཀྱི་ལུང༌། རྡོ་རྗེའི་རིགས་ཀྱི་ཕོ་ཉ་མོ་ཁྲོ་མོ་དམེ་བརྩེགས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ལུང༌། བྱ་རྒྱུད་ནོར་ཅན་གྱི་རིགས་ཛཾ་དཀར་འབྲུག་ཞོན་ལྷ་ལྔ་ཇོ་བོ་ལུགས་ཀྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཤེའུ་ལོ་ཙཱ་བ་ཀུན་དགའ་ཆོས་གྲགས་དང༌། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ལུང༌། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་སུ་གནང་བ་སྤྲོ་བ་ལྔ་དང་བཅས་པ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང་དང་བཅས་པ། རྒྱུད་སྡེ་གཉིས་པ་སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དབྱངས་དམར་སེར་ཨ་ར་པ་ཙ་ནའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། རྒྱུད་སྡེ་གསུམ་པ་རྣལ་འབྱོར་གྱི་རྒྱུད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས་བསྟན་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ཀུན་རིག་གི་ཆོ་ག་གཞན་ཕན་མཐའ་ཡས། བསྙེན་རྒྱས་སྒྲིབ་པ་