R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༧༨
[A:༡༧༨]རྗེས་སུ་གནང་བ་དང༌། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་གི་སྒྲུབ་ཐབས་ཡིག་རྙིང་དང༌། དེའི་རྗེས་གནང་གི་ཆིངས་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་སྒྲོལ་མ་མཎྜལ་བཞི་ཆོག་དང་བཅས་པའི་ལུང༌། བླ་མེད་དུ་གཏོགས་ཀྱང་འདིར་མཚན་བརྒྱ་རྩ་བརྒྱད་ཀྱི་ལུང་བླང་དགོས་པ་དང་སྡེ་ཚན་གཅིག་པའི་ཕྱིར་བྱ་རྒྱུད་ཀྱི་གྲས་སུ་བཞག་པ་གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། སྒྲོལ་མའི་མན་ངག་རྨི་ལམ་བརྟག་ཐབས་ཤིན་ཏུ་ཟབ་པ་ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་དང༌། ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་བཅས་ཀྱི་ལུང༌། པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་ལྕགས་རལ་ཅན་ཟླ་རྒྱལ་ལུགས་སུ་གྲགས་པའི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་ཐབས་ཟླ་བ་རྒྱལ་མཚན་གྱིས་མཛད་པ། ནད་གསོ་བ། སྟེང་གདོན་གཟིར་བ། ལུས་སྲུང་བ། སེར་བ་སྲུང་བ། ཕྱིར་ཟློག་པ། རྗེས་གནང་ཡི་གེ་རྙིང་པ། ཐར་པཎ་གྱིས་མཛད་པའི་སྒྲུབ་རྗེས་རྣམས་ཀྱི་ལུང༌། པདྨའི་རིགས་ཀྱི་ཕོ་ཉ་མོ་དབྱངས་ཅན་མ་དཀར་མོའི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་རྗེས་ཐར་པཎ་གྱིས་མཛད་པ་ཁ་སྐོང་དང་བཅས་པའི་ལུང༌། རྡོ་རྗེའི་རིགས་ཀྱི་གཙོ་བོ་སློབ་དཔོན་ཛེ་ཏཱ་རིས་བཀྲལ་བའི་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། དེའི་ཟུར་འདེབས་ཞུ་ཆེན་གྱིས་མཛད་པ། སྦྱིན་སྲེག་གི་ཆོ་ག་དཀོན་མཆོག་ལྷུན་གྲུབ་པས་མཛད་པ་རྣམས་ཀྱི་ལུང༌། རྡོ་རྗེའི་རིགས་ཀྱི་བདག་པོ་ཕྱག་རྡོར་གོས་སྔོན་ཅན་འགྲོ་བཟང་ལུགས་ཀྱི་རྗེས་སུ་གནང་བ། རྣམ་འཇོམས་བ་རི་ལུགས་ལྷ་གཅིག་བུམ་གཅིག་གི་རྗེས་གནང་ཁྲུས་དང་བཅས་པ་དང༌། དེའི་ཡིག་ཆ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ལུང༌། རྡོ་རྗེའི་རིགས་ཀྱི་ཕོ་ཉར་གཏོགས་པ་ཁྲོ་བོ་དམེ་