R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༨༠
[A:༡༨༠]རྣམ་སེལ། ཆ་གསུམ་གྱི་ཆོ་ག་རྣམས་ངོར་ཆེན་གྱིས་མཛད་པ། དབང་གི་མཚམས་སྦྱོར་དང༌། སྦྱིན་སྲེག་རོ་སྲེག་སཱཙྪ་རབ་གནས་དང་བཅས་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། བསྙེན་རྒྱས་ལྷན་ཐབས་ཐར་པཎ་གྱིས་མཛད་པ་རྣམས་ཀྱི་ལུང༌། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་ཀྱི་སྐོར་ལ། ཕ་རྒྱུད་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་འཕགས་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས། དཀྱིལ་ཆོག །གཏོར་ཆོག །མཆོད་ཆོག །མཆོད་ཕྲེང་རྣམས་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ལུང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་གསང་འདུས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བཀྲལ་བའི་གསང་འདུས་སྤྱན་རས་གཟིགས་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ། གྲུབ་ཆེན་བིརྺ་པས་བཀྲལ་བའི་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་དང་དཀྱིལ་ཆོག་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསལ་བྱེད། བརྒྱུད་འདེབས། སྦྱིན་སྲེག །བཀྲ་ཤིས་རྣམས་དང༌། དབང་གི་མཚམས་སྦྱོར་ཐར་པཎ་གྱིས་མཛད་པ་བཅས་ཀྱི་ལུང༌། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། གཏོར་ཆོག་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། དབང་གི་མཚམས་སྦྱོར་སངས་རྒྱས་ཕུན་ཚོགས་པས་མཛད་པ། ལས་བཞིའི་སྦྱིན་སྲེག་རྭ་ལོ་ཙཱ་བས་མཛད་པ། དྲག་པོའི་སྦྱིན་སྲེག་བནྡེ་ཡེ་ཤེས་སེང་གེས་མཛད་པ། ཡང་དྲག་པོའི་སྦྱིན་སྲེག་སྒྲུབ་ཁང་དཔལ་ལྡན་དོན་གྲུབ་ཀྱི་མཆོད་གཡོག་པ་