R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༨༡
[A:༡༨༡]ཤཱཀྱའི་མིང་ཅན་གྱིས་མཛད་པ། ཆར་འབེབས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་རྣམས་ཀྱི་ལུང༌། ལས་གཤིན་ལྷ་བཅུ་གསུམ་གྱི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་རྗེས་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། མཚམས་སྦྱོར་སངས་རྒྱས་ཕུན་ཚོགས་པས་མཛད་པ་བཅས་ཀྱི་ལུང༌། གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ལཱུ་ནག་གཉིས་ཆར་གྱི་སྒྲུབ་ཐབས་དང༌། དཀྱིལ་ཆོག་རྗེ་བཙུན་རིན་པོ་ཆེས་མཛད་པ། གསལ་བྱེད་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། མཚམས་སྦྱོར་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་ཀྱི་ལུང༌། སློབ་དཔོན་ཀངྐ་དཏྟས་བཀྲལ་བའི་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས་དང༌། དེའི་ཡིག་ཆ་མཁས་གྲུབ་དཔལ་ལྡན་དོན་གྲུབ་པས་མཛད་པའི་ལུང༌། མ་གཅིག་གྲུབ་པའི་རྒྱལ་མོས་བཀྲལ་བའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ལུང༌། བདེ་མཆོག་གི་བཀའ་སྲུང་ཁྱད་པར་ཅན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་རིན་གྱིས་མཛད་པའི་ལུང༌། ཨཱ་ཙཱརྻ་དམར་པོ་ནས་བརྒྱུད་པའི་མཁའ་ལྡིང་གསེར་མིག་འཁྱིལ་བ་འབྱུང་པོ་འུར་འདེད་ཀྱི་རྗེས་སུ་གནང་བ་དང༌། ཤར་འབུམ་ཆུུ་ བ་དཔལ་ལྡན་གྲགས་པས་མཛད་པའི་དེའི་ལོ་རྒྱུས། བསྙེན་པ། སྒྲུབ་པ། ལས་སྦྱོར་ལ། ཁྱད་པར་གྱི་ལས་སྦྱོར་སེར་བ་དང་ཆར་གཅོད་པ། མིད་འབྱར་བཅོས་པ། དུག་སྲུང་བ། དུག་འདྲེད་པ། སྲིའུ་གསོ་བ། གདོན་བགེགས་སྐྲོད་པ། སྨྱོ་བ་འདུལ་བ།