[A:༡༩༥]བཤད་བརྒྱུད་པའི་གསོལ་འདེབས། གསུང་ངག་རིན་པོ་ཆེ་སྔོན་འགྲོ་སྣང་བ་གསུམ་དང༌། དངོས་གཞི་རྒྱུད་གསུམ་དང་བཅས་པའི་ཁྲིད་ཡིག་ཡོངས་སུ་རྫོགས་པ་དང༌། བདག་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་རྩ་ལྟུང་གི་རྣམ་བཤད་འཁྲུལ་སྤོང་རབ་གསལ་དང༌། རྡོ་དྲིལ་གྱི་རྣམ་བཤད་བཅས་ཀྱི་ལུང༌། རིགས་བྱེད་མ་ཚར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང་དང༌། དེའི་ཡིག་ཆ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་མཛད་པ་དང༌། རིགས་བྱེད་མའི་སྒྲུབ་ཐབས་ཁམས་གསུམ་དབང་དུ་བྱེད་པའི་གནད་ཡིག་ཚར་ཆེན་གྱིས་མཛད་པ་བཅས་ཀྱི་ལུང༌། ཌོམྦི་ལུགས་ཀྱི་ཀུ་རུ་ཀུལླེ་གསང་སྒྲུབ་ལྷ་ལྔའི་བྱིན་གྱིས་བརླབས་པ་དང༌། དེའི་ཡིག་ཆ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལུང༌། མ་རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་སྒྲོལ་མ་ཀུ་རུ་ཀུལླེ་ལྷ་ལྔའི་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་ཐར་པཎ་གྱིས་མཛད་པའི་ལུང༌། བླ་མ་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་མམ་དམར་ཆུང་སྐོར་གསུམ་དུ་གྲགས་པའི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ལུང༌། ཇོ་བོ་ལུགས་ཀྱི་ཚོགས་བདག་དཀར་པོའི་རྗེས་སུ་གནང་བ་དང༌། ཇོ་བོ་ལུགས་ཀྱི་ཚོགས་བདག་དཀར་པོ་ཆགས་པའི་རྡོ་རྗེའི་རྗེས་སུ་གནང་བ་དང༌། རྗེ་བཙུན་ས་སྐྱ་པ་རྣམས་ལ་ཆོས་སྐྱོང་སྲུང་མའི་གདམས་པ་རྒྱ་མཚོ་ཙམ་བཞུགས་པའི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་ནག་པོ་ཆེན་པོའི་སྐོར་ལ། རྩ་བའི་ཡི་གེ་རྣམས་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་མེ་འབར་མ། ཡན་ལག་གི་ཡི་གེ་རྣམས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཁ་སྐོང་གླེགས་བམ། དེས་བསྒྲིགས་པའི་མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པ་སྙིང་གི་ཟུངས་ཁྲག་ལྟ་བུ་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་གླེགས་བམ། རྨོར་ཆེན་རྡོ་