[A:༡༩༤]བདག་པོ་འཕགས་པ་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཀྱི་ཆོ་ག་རྨོར་ཆེན་གྱིས་མཛད་པའི་ལུང༌། པདྨའི་རིགས་ཀྱི་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ངོར་ལུགས་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་འོད་ཟེར་དྲུག་སྦྲག་གི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་ཉམས་ཁྲིད་ཟབ་མོ་ཤིན་ཏུ་རྒྱས་པ་དང༌། སྤྱོད་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་འཇམ་དཔལ་ཨ་ར་པ་ཙ་ན་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རྣལ་འབྱོར་བླ་ན་མེད་པའི་ཕ་རྒྱུད་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གསང་བ་འདུས་པ་སྤྱན་རས་གཟིགས་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གྲུབ་ཆེན་བིརྺ་པས་ལེགས་པར་བཀྲལ་བའི་འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་འགྲོ་བའི་སྒོ་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་སོགས་ཀྱི་སྟེང་ནས་གཤེད་དམར་སྤྲོས་མེད་ཀྱི་ཉམས་ཁྲིད་དང༌། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་ལུང༌། འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང༌། དེའི་བྱིན་རླབས་བླ་མའི་རྣལ་འབྱོར་ཨ་མེས་ཞབས་ཀྱིས་མཛད་པ། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ཨ་བྷ་ཡ་ཤྲཱིས་མཛད་པ་པ་ཚབ་ལོ་ཙཱ་བའི་འགྱུར། བླ་མ་རྡོ་རྗེ་གདན་པས་མཛད་པའི་བསྟོད་པ། གྲུབ་ཆེན་སོ་སོའི་རྟོགས་བརྗོད་རྡོ་རྗེའི་གླུ། རྣལ་འབྱོར་མ་ཉི་མའི་འོད་ཟེར་གྱིས་མཛད་པའི་གྲུབ་ཆེན་བརྒྱད་ཅུ་བྱོན་ཚུལ་རྣམས་ཀྱི་ལུང༌། རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་བྱིན་གྱིས་བརླབས་པ་དང༌། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ཀྱེ་རྡོར་རྒྱུད་གསུམ་དང༌། སློབ་