R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༢༦
[A:༢༢༦]དུ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཕྱག་མཚན་རྡོ་རྗེས་མཚན་པའི་གྲི་གུག་དང༌། ཙནྡན་ལས་གྲུབ་པའི་གཎྜི་དང༌། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་ཕྱག་མཚན་རལ་གྲི་སྡིགས་པའི་ཡུ་བ་ཅན་དང༌། མདུང་དང༌། རྩེ་གསུམ་བ་དན་དང་བཅས་པ་དང༌། ཞིང་སྐྱོང་ཆེན་པོ་ཞལ་བཞི་པའི་ཕྱག་མཚན་རྡོ་རྗེས་མཚན་པའི་གྲི་གུག་དང༌། ཟངས་ཀྱི་ཐོད་ཁྲག་དང༌། རལ་གྲི་དང༌། མདུང་དང༌། རྩེ་གསུམ་བ་དན་དང་བཅས་པ་དང༌། དངུལ་གྱི་རྐང་གླིང་དང༌། གཡེར་ཁའི་ཕྲེང་བ་དང༌། རུས་པའི་ཕྲེང་བ་དང༌། ཟངས་བུམ་དངུལ་ཁ་ཅན་རྣམས་དང༌། ལས་མཁན་པུ་ཊའི་ཕྱག་མཚན་རལ་གྲི་དང་བཅས་པ་རྣམས་ལྕགས་ལ་གསེར་ཚགས་ཀྱིས་སྤྲས་པ་ཤིན་ཏུ་སྒྲོས་གཙང་བ། འདི་རྣམས་དཀའ་ཚེགས་ཆེན་པོའི་སྒོ་ནས་མདོ་ཁམས་སུ་བཟོ་རྒྱུ་བསྐུར་ཏེ་སྦྱོར་འཇགས་མཛད་པ་དང༌། མགོན་ཁང་ནུབ་ཏུ་ལོ་དར་བཞིན་སྐོང་བརྒྱའི་སྐབས་བཤམ་རྒྱུའི་ཆོས་སྲུང་རྣམས་ཀྱི་སྤྱན་གཟིགས་སུ་མཛོད་གོས་དམར་པོ་ཡུག་གཅིག་དང༌། རྒྱ་དངུལ་རྟ་རྨིག་མ་སྤུས་ལེགས་འདེགས་སྲང་ལྔ་བཅུ་ཡོད་པ་བཅས་དང༌། བླ་གཞུང་གཡབས་ཆེན་དུ་རྒྱ་རོལ་ཆེ་བ་སྤུས་ལེགས་ཅན་ཆ་གཅིག་དང༌། སྒྲུབ་མཆོད་ཆེན་མོའི་སྐབས་བཤམ་རྒྱུའི་ཀྱེ་རྡོར་དཀྱིལ་འཁོར་གྱི་ཡོལ་བ་མཛོད་གོས་རྒྱན་བཞི་དམར་པོ་ལས་གྲུབ་པ་ཤིན་ཏུ་སྤུས་ལེགས་པ་ཅན་གཅིག་དང༌། གུར། སམ་ཊ། བདེ་མཆོག །གསང་འདུས་བཅས་ཀྱི་ཆོ་ག་པ་སོ་སོར་རིགས་ལྔའི་དབུ་རྒྱན་གཉིས་གཉིས་དང༌། གོས་ཆེན་གྱི་རྟེན་ཁེབས་གཉིས་གཉིས་ཏེ་བསྡོམས་རིགས་ལྔ་གསེར་ཤོག་མ་བརྒྱད་དང༌། གོས་ཆེན་གྱི་རྟེན་ཁེབས་ངོ་བརྒྱད་བཅས་དང༌། ལམ་འབྲས་ལྷ་ཁང་དུ་ངོར་ཆེན་རྡོ་རྗེ་འཆང་གི་འདྲ་སྐུ་རིན་པོ་ཆེར་མཛོད་གོས་སྤྲིན་རིས་མ་སེར་པོའི་གཞི་ལ་གྲྭ་དང་ལྕགས་རི་རྣམས་གོས་ཆེན་སྒྲིམ་གསེར་དམར་པོས་བྱས་པའི་སྣམ་སྦྱར་ཁ་གསར་སྤུས་ལེགས་ཅན་གཅིག་དང༌། འདྲ་སྐུ་རིན་པོ་ཆེའི་མདུན་དུ་གན་དཀར་