[A:༢༣༢] མཎྜལ་གྱི་རྒྱས་བཤད་འབྱམས་ཀླས་པའི་ཚིག་གི་མཆོད་སྤྲིན་སྤྲོ་བ་སྔོན་དུ་འགྲོ་བས། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པའི་ཕྱག་གི་པདྨོ་རྣམ་པར་གདེངས་པའི་མཐིལ་ན། སྟོང་འཁུན་གྱི་ཡུལ་ནས་འཐོན་པའི་བཀྲ་ཤིས་པའི་ལྷ་རེག་ཀཻ་ལཱ་ཤ་ལྟར་དཀར་བ་ཐོགས་ཏེ་གུས་པས་འབུལ་བ་དང༌། སྐུ་རྟེན་དུ་རྒྱལ་བ་ཚེ་དཔག་མེད་ལ་སོགས་པའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁ་ཤས་དང༌། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པུསྟ་ཀ་བརྒྱ་དང་གསུམ། ཐུགས་རྟེན་དུ་བཀའ་གདམས་མཆོད་རྟེན་ཁ་ཤས། ཟངས་གསེར་ལས་གྲུབ་པའི་རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་དང༌། གླང་པོ་ཆེའི་མཆེ་བ་དང༌། གདུགས་དཀར་པོ་ཏོག་དང་བཅས་པ་སོགས་ཆེན་པོར་འོས་པའི་ཡོ་བྱད་མང་པོ་དང༌། གོས་ཆེན་གྱི་བླ་བྲེ་དང་ཡོལ་བ་ལ་སོགས་པ་གོས་ཆེན་ལས་གྲུབ་པའི་ཡོ་བྱད་མང་པོ་དང༌། རྡོ་དྲིལ་དང༌། ཌ་མ་རུ་དང༌། ཏིང་ཤགས་དང༌། རོལ་སིལ་དང༌། རྔ་དང༌། དུང་དཀར་དང༌། དུང་ཆེན་དང༌། རྒྱ་གླིང་ལ་སོགས་པའི་མཆོད་ཆ་རབ་ཏུ་མང་པོ་དང༌། དངུལ་གྱི་བུམ་པ་དང༌། མཎྜལ་དང༌། དངུལ་ཏིང་བདུན་ཚར་ལ་སོགས་པའི་དངུལ་ལས་གྲུབ་པའི་མཆོད་ཆ་མང་པོ་དང༌། དངུལ་གྱི་འདྲེན་ཆས་ཆ་ཚང་དང༌། དངུལ་གྱི་གསོལ་ལྟིར་དང༌། ཤིན་ཏུ་རིན་ཐང་ཆེ་བའི་གོས་ཆེན་གྱི་རིགས་མང་པོ་དང༌། དར་རས་ལིང་ཤུག་ཚང་ལ་སོགས་པ་ཤིན་ཏུ་མང་པོ་དང༌། ཤེལ་དང་དཀར་ཡོལ་གྱི་རིགས་སྣ་ཚོགས་པ་དང༌། གསེར་ཞོ་ལྔ་བཅུ་དང༌། རིན་ཆེན་གཉིས་པ་འདེགས་སྲང་སུམ་བརྒྱ་ལྔ་བཅུ་དང༌། གཅན་གཟན་གྱི་པགས་པའི་རིགས་རབ་ཏུ་མང་པོ་དང༌། གཟིམ་གུར་ཡོལ་བ་བཅས་ཀྱི་གཙོས་པའི་གུར་གཡབ་ཁ་ཤས། ཉེར་མཁོའི་ཐབ་ཆ་དང་བཞུགས་གདན་གྱི་སྐོར་མང་པོ། ནས་ཁལ་བརྒྱ་དང་ལྔ་བཅུ། མར་