R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༥༨
[A:༤༥༨]ཐེག་ཆེན་བཀྲ་ཤིས་རིན་ཆེན་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ལྷན་ཅིག །ས་སྐྱ་གཞུང་གི་འབུལ་བར་མཎྜལ་སྐུ་གསུང་ཐུགས་རྟེན། དར་རས་ལིང་གོས་ཆེན་སྤུ་ཤུན་ལ་སོགས་པ་ཚན་གྲངས་ཀྱི་རིགས་མང་པོ་དང༌། མཆོད་ཆ་དང་དངོས་ཆས་ཀྱི་རིགས་སྣ་ཚོགས་པ། རྒྱ་དངུལ་འདེགས་སྲང་ལྔ་བཅུ། བཟང་ཇ་འཁོར་དྲུག་ལྔ་བཅུ། རྟ་དྲེལ་ལྔ་བཅས་ཕུལ་བ་དང༌། ཡབ་རྗེ་གྲུབ་པའི་དབང་ཕྱུག་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ་དང༌། གདུང་སྲས་ཀུན་དགའ་བསོད་ནམས་ལྷན་རྒྱས་པའི་སྐུ་དྲུང་དུ་སྐུ་གསུང་ཐུགས་རྟེན་དང༌། བཟང་ཇ་འཁོར་དྲུག་དྲུག་དང༌། རྟ་གཉིས་ཀྱི་གཙོས་པའི་ཚན་གྲངས་དང་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། མཐུ་སྟོབས་ནུས་པའི་རྩེར་སོན་ཡབ་རྗེ་ཀུན་དགའ་རིན་ཆེན་དང༌། གདུང་སྲས་ཕྱོགས་ཀྱི་གླང་པོ་དང༌། ཡུམ་སྐུ་ཞབས་དང༌། རྗེ་བཙུན་མ་ལྷན་རྒྱས་པའི་དྲུང་དུ་སྐུ་གསུང་ཐུགས་རྟེན་དང༌། བཟང་ཇ་འཁོར་དྲུག་དྲུག་དང༌། རྟ་གཉིས་ཀྱི་གཙོས་པའི་ཚན་གྲངས་དང་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། མཐའ་ཀླས་འགྲོ་བའི་སྐྱབས་གཅིག་མགོན་པོ་དངོས་གྲུབ་དཔལ་འབར་དང༌། རྗེ་བཙུན་མ་སྐལ་བཟང་ཚུལ་ཁྲིམས་དང༌། ཡུམ་བགྲེས་བཅས་ལྷན་རྒྱས་པའི་དྲུང་དུའང་སྐུ་གསུང་ཐུགས་རྟེན་དང༌། བཟང་ཇ་འཁོར་དྲུག་དྲུག་དང༌། རྟ་གཅིག་གི་གཙོས་པའི་ཚན་གྲངས་དང་དངོས་ཆས་ཀྱི་རིགས་མང་པོ་དང༌། མཁས་དང་གྲུབ་པའི་གཙུག་རྒྱན་འཇམ་མགོན་རྡོ་རྗེ་རིན་ཆེན་གྱི་མདུན་དུ་སྐུ་གསུང་ཐུགས་རྟེན་དང༌། བཟང་ཇ་འཁོར་དྲུག་ལྔའི་གཙོས་པའི་ཚན་གྲངས་དང་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། གཞན་ཡང་རྗེ་བཙུན་མ་དང༌། བདག་མོ་སྐུ་བགྲེས་ཀྱི་རིགས་སོ་སོར་བཟང་ཇ་འཁོར་དྲུག་རེའི་གཙོས་པའི་ཚན་གྲངས་ཁ་ཤས་