R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༥༧
[A:༤༥༧]ལོ་སྲང་ཉེར་ལྔ་རེ། བཟང་ཇ་འཁོར་དྲུག་བཅོ་ལྔ་རེ། རྟ་དྲེལ་གསུམ་བཅས་ཕུལ་བ་དང༌། ཐར་རྩེ་རང་དུའང་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་གཅེན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་དུ་མཎྜལ་སྐུ་གསུང་ཐུགས་རྟེན་གྱི་གཙོས་འབུལ་བ་ཤིན་ཏུ་སྟོབས་ཆེ་བ་དང༌། གཟིམ་ཕྲུག་ཁང་མཁན་རིན་པོ་ཆེ་ལུང་རིག་སྨྲ་བའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་པ་དང༌། ཁང་སེར་དཔོན་སློབ་རིན་པོ་ཆེ་འཇམ་དབྱངས་གྲགས་པ་དང༌། དཔོན་སློབ་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པ་དང༌། དཔོན་སློབ་ལས་ཐོག་པ་ངག་དབང་དགེ་ལེགས་པ་སྟེ་དེ་དག་སོ་སོའི་མདུན་དུའང་འབུལ་བ་གང་ཟབ་རེ་དང༌། ཁང་ཚན་བཅུ་གཅིག་པོ་ཐམས་ཅད་ལའང་སོ་སོར་ཐོབ་ཁུངས་དང༌། ཁང་ཚན་ཆེ་ཆུང་གི་བབས་ལ་གཞིག་པའི་ཇ་སར་དང༌། ཁྱད་པར་རང་རང་གི་སྐོང་བརྒྱ་ཚོགས་པའི་སྐབས་འཕར་ཇའི་བསྙེན་བཀུར་དང་འབྲེལ་བར་གཏན་གཞག་ཟབ་པ་རེ་སྩལ་བ་དང༌། དགོན་པའི་ཆོས་ཁྲིམས་དང༌། བླ་ཁག་སོ་སོའི་ཕྱག་གཉེར་ལས་ཚན་གྱི་རིགས་དང༌། ཐར་རྩེ་རང་གི་ལས་ཚན་དང༌། གྲྭ་ཚང་དང༌། ལྟོ་ཟན་གྱི་རིགས་དང༌། ངོར་པའི་ཆོས་གཞིས་མི་སེར་སོགས་ལའང་ཇ་སར་དང་གནང་སྦྱིན་སྐབས་སུ་གང་བབ་རེ་སྩལ་ཏེ། ཟླ་བ་དེའི་མཇུག་ཏུ་ཇི་ལྟར་སུམ་རྩེན་གྱི་ཡུལ་ན་གནས་པའི་རྣམ་པར་རྒྱལ་བའི་ཕོ་བྲང་བལྟ་བས་ཆོག་མི་ཤེས་པ་ཉིད་མིའི་ཡུལ་དུ་འཕོས་པ་སྙམ་བྱེད་པའམ། རྣམ་པ་གཅིག་ཏུ་ན་བསྐལ་པ་བཟང་པོ་འདིའི་རྣམ་པར་འདྲེན་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་གནས་འཕགས་ཡུལ་རྡོ་རྗེ་གདན་དང་ཁྱད་པར་ཅུང་ཟད་ཀྱང་དམིགས་སུ་མེད་པའི་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས། ཐོག་མར་ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་