R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༢
[A:༤༨༢]མ་ཕལ་ཆེ་བས་ས་གཡོས་ཀྱི་འཇིགས་པ་ཆེན་པོ་ཡོང་བར་གསུངས་ཀྱང༌། རྗེ་འདིས་དེ་འདྲའི་སྐྱོན་ཅིའང་མི་འོང་ཚུལ་གསུངས་པའང་དེ་ཁོ་ན་ལྟར་གྱུར་པ་དང༌། ཡང་རྗེ་རང་གི་ཞབས་འབྲིང་བར། ངེད་ཚེ་འདིར་རྒྱུ་རྐྱེན་རྟེན་འབྲེལ་ལེགས་འགྲིག་མ་བྱུང་བའི་རྐྱེན་གྱིས་སློབ་གཉེར་ཆེར་མ་ཤེས་པ་མ་གཏོགས། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱི་སྐྱེ་མཐའ་དེ་ཡིན་སྙམ་པ་སེམས་ལ་ཤར་ཞེས་ཡང་ཡང་བཀའ་སྩལ་འདུག་ཅིང༌། རྗེ་སངས་རྒྱས་ཕུན་ཚོགས་པ་ནི་མགོན་པོ་འོད་དཔག་ཏུ་མེད་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དཔལ་ལྡན་ཨ་ཏི་ཤའི་རྣམ་འཕྲུལ་ཡིན་པར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྣམ་ཐར་དུ་གསལ་བ་དང༌། ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ངོར་དབང་ཁང་དུ་རྗེ་འདི་ཉིད་ལས་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཐོག་མར་གསན་པའི་སྐབས་གྲུབ་ཆེན་བི་རཱུ་པའི་སྐུའི་རྣམ་པར་གསལ་བར་གཟིགས་པས་རྐྱེན་བྱས་ཏེ། དེ་ཕྱིན་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་དང་དབྱེར་མེད་པའི་ཐུགས་ངེས་བརྟན་པོར་འཁྲུངས་པར་སྣང་བས་སྐུ་ཚེ་སྔ་མའི་སྐྱེ་བརྒྱུད་ཀྱང་དེས་མཚོན་པར་ནུས་པ་དང༌། གཞན་ཡང་ལོ་སྔ་མ་ལྕགས་བྱ་ལོར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་བྱམས་པ་ཀུན་དགའ་བསྟན་འཛིན་དེ་ཉིད་སྐུ་བསྙུན་པའི་ཚུལ་བསྟན་པའི་ཚེའང༌། རྗེ་འདིས་ད་ལན་གྱི་སྙུན་གཞི་འདི་སེལ་མི་ཐུབ་པ་འདྲ་ཞེས་ཡང་ཡང་བཀའ་སྩལ་ཀྱང༌། བདག་ཅག་རྣམས་ཀྱིས་དེ་ཙམ་གྱི་སྐྱོན་ཆེར་རང་ཨེ་ཡོང་སྙམ་མོད། རྗེས་སོར་དེ་ཁོ་ན་ལྟར་གྱུར་པ་སོགས་དེ་འདྲའི་རིགས་ཅན་ཤིན་ཏུ་མང་ཞིང༌། ཚུལ་དེ་རྣམས་ལ་གཞིག་ན་མངོན་པར་ཤེས་པའང་ཐོགས་མེད་མངའ་བར་སྣང་མོད། སུ་ཞིག་གིས་ཤེས་པར་ནུས། གྲུབ་པའི་མཚན་མ་ནི་མདོ་ཁམས་སུ་ལན་རྗེས་མ་ཕེབས་པའི་ཚེ། གོང་དུ་བཤད་པ་ལྟར་