[A:༤༩༡]བརྩེའི་དབང་པོའང་དེང་སང་སྐུ་ཁམས་དྭངས་བཞུགས་ཀྱི་སྐབས་དང༌། ཁྱོད་ཀྱང་བདེ་བའི་སྐབས་འདིར་ཤི་བའི་དུས་ཡིན། ད་ང་ནི་ཟླ་བ་གཅིག་གཉིས་ཀྱི་མི་དང༌། ཕྱག་མཛོད་ཀྱང་ལོ་གསུམ་བཞིའི་མི་ཡིན་པས་ངེད་ཚོ་ལ་བལྟ་རྒྱུ་ཅིའང་མེད། ཁམས་བཞུགས་མཆོག་སྤྲུལ་རིན་པོ་ཆེ་དང༌། ཁྱོད་གཉིས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་ངོར་དགོན་པའི་བསྟན་པ། བྱེ་བྲག་ཐར་རྩེ་འདི་ལ་བལྟ་རྟོག་འདྲ་བྱེད་དགོས་ཞེས་སོགས་དུས་ཐའི་ཞལ་ཆེམས་མང་དུ་བཀའ་སྩལ་བར། བདག་གིས་ད་དུང་ལོ་ཁ་ཤས་ཞབས་པད་བརྟན་པའི་ཐུགས་བསྐྱེད་བཞེས་དགོས་ཚུལ་དང༌། བདག་ཅག་རྣམས་ཀྱང་ཐུགས་རྗེས་རྗེས་སུ་འཛིན་དགོས་ཚུལ་ཞུས་པས། ད་ལོ་ཁ་ཤས་ག་ལ་སྡོད། ཁའི་སོ། མགོའི་སྐྲ་གང་ལ་བལྟས་ཀྱང་འགྲོ་རན་པ་ཡིན། ད་ཡུན་རིང་བསྡད་ཀྱང་ཁམས་པའི་གཏམ་དཔེར་མི་ཚེ་རིང་གིས་ཐན་སྒུགས་ཟེར་བ་ལྟ་བུ་ཡིན་ཅེས་བཀའ་ཕེབས་པ་དང༌། ཡང་ང་ཤི་བའི་རྗེས་སུ་དགོངས་རྫོགས་སོགས་རྒྱ་ཆེན་གང་ཡང་མི་དགོས། ལམ་འབྲས་ལྷ་ཁང་དུ་གདན་རབས་བླ་བརྒྱུད་ཀྱི་ས་བཅད་སྟོང་མིན་ཙམ་དུ་འདྲ་སྐུ་ཙམ་དགོས་ན་ལས། གཞན་དངུལ་གདུང་སོགས་ཅིའང་མི་དགོས། འོན་ཀྱང་ཁྱོད་ཀྱིས་མ་ཤེས་པ་མེད་ཅེས་བཀའ་ཕེབས་པ་དང༌། ཞབས་འབྲིང་པ་ཚོར་ཡང་ཁྱེད་ཚོས་ང་ལ་ཟླ་གཅིག་ཙམ་གཡོག་གྱིས། དེ་ནས་ཁྱེད་རང་རྣམས་ཀྱང་བསྡད་པས་ཆོག་ཅེས་ཡང་ཡང་བཀའ་སྩལ། སྐུ་ཁམས་ནི་ཟླ་བ་བཞི་པའི་ཚེས་བརྒྱད་བར་རིམ་གྱིས་ཇེ་དངས་སུ་གྱུར། དེ་སྐོར་ཞིག་ཏུ་སྤོང་བ་པ་ཀུན་དགའ་བསོད་ནམས་ཀྱང་མུས་ཀྱི་རི་ཁྲོད་རྣམས་སུུ་མཚམས་སྡོད་པའི་སྐབས་རྗེ་འདིའི་ཞབས་བརྟན་ཚེ་སྒྲུབ་བགྱིས་པས། ཡུན་རིང་ཞབས་པད་མི་བརྟན་པའི་ལྟས་འདྲ་ཤར་བས་ཞལ་མཇལ་དུ་འོངས་པ་ཡིན་ཅེས་བྱོན་བྱུང་བ་དང༌། ཧོར་ཟླ་བཞི་པའི་ཚེས་བརྒྱད་ཀྱི་ཉིན་གསོལ་བ་འདྲ་ཅུང་ཟད་མ་འཕྲོད་པ་དང༌། དེ་ཉིན་