[A:༥༠༡]གཞུང་དུ་མཁན་རིན་པོ་ཆེ་ཁྲི་ཐོག་པ་ངག་དབང་བསོད་ནམས་རྒྱལ་མཚན་གྱི་མདུན་དུ་སྐྱབས་མགོན་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ལྗགས་བསྔོ་ཐུགས་སྨོན་ཞུ་མཚོན་ལྷ་གོས་དང༌། རྡོར་དྲིལ། གོས་ཆེན་གྱི་སྟོད་རྩེ་སྤུས་ལེགས། ཆུང་ཇ་འཁོར་དྲུག་གཅིག་བཅས་ཕུལ་བ་དང༌། དེ་བཞིན་དུ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་དང༌། ཁང་གསར་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་པ་དང༌། ཁང་གསར་ཞབས་དྲུང་ཆུང་བ་ངག་དབང་བློ་གྲོས་སྙིང་པོ་བཅས་སོ་སོའི་མདུན་དུའང་ལྗགས་བསྔོ་ཞུ་མཚོན་གྱི་འབུལ་བ་གོང་མཚུངས་རེ་ཕུལ། བླ་བྲང་ཕན་བདེ་ཁང་གསར་དུ་དེ་སྐབས་མཁན་པོ་ཞབས་དྲུང་གཉིས་ཀ་ཁམས་སུ་ཕེབས་ནས་བཞུགས་མེད་ནའང༌། དེ་དག་གི་འབུལ་སྐལ་ལམ་མཆོད་ཐེབས་ཀྱི་ཞལ་འདེབས་སུ་གསེར་ཟངས་ཀྱི་མར་མེ་མཛད་དང༌། རྡོར་དྲིལ། ལྗོན་ཇ་འཁོར་དྲུག་གཉིས། འབྲས་དཀར་ལྟང་སོགས་ཕུལ་བ་དང༌། བདུན་ཚིགས་དང་པོ་རྫོགས་ཉིན་ཀུན་རིག་གི་རྡོ་རྗེ་སློབ་དཔོན་དུ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་གདན་ཞུས་ཀྱི་འབུལ་བར་གསེར་ཟངས་ཀྱི་ཐང་སྟོང་རྒྱལ་པོའི་སྐུ་དང༌། གསེར་ཌར་དངུལ་ཤན་མ་འཕན་དང་བཅས་པ། ཕྱག་ཏིང་དངུལ་ཐག་དང་བཅས་པ། དངུལ་གྱི་འགུ་ཚེ་ཐེབ་ལྔ་ཚར་དང་བཅས་པ། རྒྱ་རོལ་ཆེ་ལེགས་ཆ། མཛོད་གོས་ཊམ་རིས་དམར་སེར་གྱི་ཤན་ལྡན་སྐུ་སྦྱར་མེ་ལོང་མ། མཛོད་གོས་མཚལ་ཁའི་སྟོད་འབོགས་སྲམ་རྒྱན་མ། སྦུ་ཧར་གྱི་ཞབས་ལྷྭམ་འཇའ་ཆེན། ཕྱིང་དམར། ལྗོན་ཇ་བརྒྱད་པ་འཁོར་དྲུག་གཉིས། འབྲས་དོས་སོགས་ཕུལ་བ་དང༌། སྐུ་ཚིགས་གཉིས་པར་ཁང་སར་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་གདན་ཞུས་ཀྱི་འབུལ་བར་གསེར་ཟངས་ཀྱི་སློབ་དཔོན་ཟ་ཧོར་མ་དང༌། དངུལ་