[A:༥༠༦]ཅན་དུ་བརྒྱ་མཆོད་དང༌། མཁན་པོ་གསར་རྙིང་དང་སློབ་དཔོན་སོ་སོར་བསྔོ་ཞུས་དང༌། དགོན་པར་མང་ཇ་དང༌། གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་སྐར་ལྔ་རེ་དང༌། ཀུན་མཁྱེན་བསོད་ནམས་སེང་གེའི་གདན་ས་རྟ་ནག་ཐུབ་བསྟན་དུ་རྣམ་ལྔ་བརྒྱ་མཆོད། མཁན་པོ་དང་སློབ་དཔོན་སོ་སོར་བསྔོ་ཞུས་དང༌། འདུས་ཚོགས་སུ་མང་ཇ་དང༌། གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་སྐར་ལྔ་རེ་ཕུལ་བ་དང༌། རྟ་ནག་སྒྲོལ་སྦུག་ཏུ་བརྒྱ་མཆོད་དང་དགོན་པར་མང་ཇ། བྱང་ཆུབ་གླིང་དགོན་སྟོད་སྨད་གཉིས་སུ་བརྒྱ་མཆོད་དང༌། བླ་མར་བསྔོ་རྟེན་དང༌། གྲྭ་བཙུན་རེ་རེར་འགྱེད་སྐར་ལྔ་རེ་དང༌། རབ་བརྟན་ཆོས་ལུང་དུའང་མང་ཇ་འགྱེད་བཅས་དང༌། པཎ་ཆེན་ཤཱཀྱ་མཆོག་ལྡན་པའི་གདན་ས་ཐུབ་བསྟན་གསེར་མདོག་ཅན་དུ་བརྒྱ་མཆོད་དང༌། དགོན་པར་མང་ཇ་འགྱེད་སྐར་ལྔ་རེ་དང༌། དཔལ་ལྡན་ས་སྐྱའི་གདན་ས་རྩེ་གདོང་ཆོས་སྡེར་རྣམ་གསུམ་བརྒྱ་མཆོད་དང༌། འདུས་ཚོགས་སུ་མང་ཇས་བསྙེན་བཀུར་བ་དང༌། འགྱེད་གྲྭ་པ་རེར་དངུལ་སྐར་ལྔ་རེ་དང༌། དཔྱལ་ལོ་སོགས་ཀྱི་གདན་ས་ཐར་པ་དགོན་དང༌། པ་རྣམ་དགའ་བ་གདོང༌། ཉང་སྟོད་སྤྱིད་སྦུག་བཅས་སུ་བརྒྱ་མཆོད་དང༌། བླ་མ་སོ་སོར་བསྔོ་ཞུས། འདུས་ཚོགས་སུ་མང་ཇ་གཉིས་རེ་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་རྣམ་ལྔ་བརྒྱ་མཆོད་དང༌། འདུས་ཚོགས་སུ་མང་ཇ་དང༌། མཁན་པོར་བསྔོ་ཞུས་དང༌། དེའི་ནང་གསེས་གུར་པ་གྲྭ་ཚང་དུ་རྣམ་ལྔ་བརྒྱ་མཆོད་དང༌། བླ་མར་བསྔོ་རྟེན། འདུས་ཚོགས་སུ་མང་ཇ་གསུམ་དང་ཕྱག་འགྱེད་གྲྭ་རེར་དངུལ་ཞོ་རེ། མུས་གླེ་ལུང་ཆོས་སྡེར་བརྒྱ་མཆོད་དང་མང་ཇ་འགྱེད་བཅས། མུས་ཀྱི་སྤྲུ་བྱང་ཆུབ་གླིང་དུ་མང་ཇ་འགྱེད་བཅས། གཏུམ་སྟོན་བློ་གྲོས་གྲགས་ཀྱིས་བཏབ་པའི་དཔལ་སྣར་ཐང་གི་ཆོས་སྡེ་དང༌། དགོན་པ་བྱང༌། ལྷུན་པོ་རྩེ། གངས་ཅན་ཆོས་སྡེ། ཁྲོ་ཕུ། གནས་ཆོས་སྡེ། བོ་དོང་ཆོས་སྡེ། བྱ་གཤོང༌། སྙིང་རིའི་སྒྲུབ་སྡེ་ཁག །གནས་ཕུར་མོ་ཆོས་རྫོང་