R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༥༠༥
[A:༥༠༥]གཉིས་དང༌། ལྷ་ཁང་མཁན་པོ་བཅས་སུ་བསྔོ་ཞུས་ལྗོན་འདབ་སྦག་རེ་རེ་དང༌། ཆོས་གྲྭ་ཆེན་པོ་དེར་བཞུགས་པའི་རྟེན་གསུམ་ངོ་མཚར་ཅན་སོ་སོའི་མདུན་དུ་བརྒྱ་མཆོད་དང༌། མགོན་ཁང་ཁག་རྣམས་སུ་ས་ལམ་གྱི་བར་ཆད་ཞི་ཞིང་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་ཕྱིར་ཆོས་སྲུང་རྣམས་ལ་སྐོང་བ་དང༌། སྒྲོལ་མ་ལྷ་ཁང་དུ་སྒྲོལ་ཆོག་དང༌། ལྷ་ཁང་ཆེན་མོར་རྣམ་ལྔ་བརྒྱ་མཆོད་དང༌། དགེ་འདུན་འདུས་པ་རྒྱ་མཚོར་མང་ཇའི་བསྙེན་བཀུར་བཅས་བསྒྲུབས་པ་དང༌། ཞྭ་ལུ་རི་སྦུག་མཆོག་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་ལྗགས་བསྔོ་ཞུ་མཚོན་དངུལ་ཊམ་སྲང་ལྔ་དང༌། ལྗོན་ཇ་འཁོར་དྲུག་གཅིག །ཞྭ་ལུ་རི་མཐིལ་གྱི་སློབ་དཔོན་སོ་སོར་བསྔོ་ཞུས་དང༌། དགོན་དེའི་རྟེན་གསུམ་གྱི་དྲུང་དུ་བརྒྱ་མཆོད་དང༌། དགོན་པར་མང་ཇ་གསུམ་གྱིས་བསྙེན་བཀུར་བ་དང༌། ཚར་ཆེན་རིན་པོ་ཆེའི་གདན་ས་མདར་གྲོང་མོ་ཆེར་རྣམ་ལྔ་བརྒྱ་མཆོད་དང༌། མཁན་པོར་བསྔོ་རྟེན། འདུས་ཚོགས་སུ་ཀུན་རིག་ཉིན་བཙུགས་ཀྱི་གྲྭ་པ་རེར་ཕྱག་འགྱེད་དངུལ་སྐར་ལྔ་རེ་དང༌། མང་མཁར་ཐུབ་བསྟན་དགེ་འཕེལ་དང༌། མང་མཁར་དར་རྒྱས་དགོན། མང་མཁར་དགོན་པ་ཤར། མང་མཁར་བསམ་གྲུབ་དགོན། མང་མཁར་གནས་གསང་སྔགས་སྡེ། ལྷ་རྩེ་ཆོས་སྡེ། རྟག་བརྟན་ཕུན་ཚོགས་གླིང༌། རི་ཁྲོད་ཇོ་ནང༌། བཞད་བཀྲ་ཤིས་དགེ་འཕེལ། བཞད་པདྨ་ཆོས་སྡིངས། བཞད་གྲྭ་ཚང་ཆེན་མོ། བཞད་དངུལ་ཆུ། བཞད་གྲུ་འཛིན། བཞད་ལྟང་དགོན། བཞད་དཔལ་ལྡན་སྡིངས། བཞད་དགོན་གསར། བཞད་དགོན་སྦུག །བཞད་ཆོས་སྒོ། བཞད་འབྲུ་དགོན། བཞད་དགོན་པ་བྱང་བཅས་ཀྱི་དགོན་པ་སོ་སོར་མང་ཇས་བསྙེན་བཀུར་བ་དང༌། བླ་མ་རྣམས་སུ་བསྔོ་ཞུས་དང་རྟེན་གསུམ་ཕལ་ཆེར་བའི་མདུན་བརྒྱ་མཆོད་དང་བཅས་པ་དང༌། རྒྱང་འབུམ་མོ་ཆེ་དང༌། མང་མཁར་མུ་གུ་ལུང་དུ་རྣམ་གསུམ་བརྒྱ་མཆོད་དང༌། མུས་རབ་འབྱམས་པའི་གདན་ས་བཞད་ཐུབ་བསྟན་ཡངས་པ་