R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༦༤
[A:༣༦༤]རྡོ་རྗེ་འཆང་ཆེན་པོ་དེ་ཉིད་མདོ་ཁམས་སུ་མ་བྱོན་གྱི་བར་དུ་ཞབས་པད་འབྲལ་བ་མེད་པར་གཙུག་གི་རྒྱན་དུ་བསྟེན་ཅིང༌། ཅི་གསུངས་དང་དུ་ལེན་པའི་ཀུན་སྤྱོད་ཀྱིས་མཉེས་པར་བྱས་ཏེ་ཆོས་ཀྱི་བདུད་རྩི་ཇི་ལྟར་གསོལ་བའི་ཚུལ་ཡང༌། དགུང་གྲངས་བཅོ་བརྒྱད་པ་མེ་སྟག་ལོའི་ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་ནས་བཟུང་སྟེ་བཀའ་ཆོས་ཀྱི་དབུ་འཛུགས་པར་མཛད་དེ། དེའང་ཆོས་ཀྱི་རྣམ་གྲངས་མཐའ་དག་མདོ་སྔགས་གཉིས་སུ་འདུས་པའི་ནང་ནས་ཆེས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ། རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་བཞུགས་པའི་ནང་ཚན་དང་པོ་བྱ་བའི་རྒྱུད་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་སྨན་བླ་མཆེད་བདུན་གྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། སངས་རྒྱས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་སྐོར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྒྲུབ་ཐབས་བཅོམ་ལྡན་རལ་གྲིས་མཛད་པ། བསྟོད་པ་རོང་སྟོན་གྱིས་མཛད་པ། སྒྲུབ་རྗེས་ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པ། ཆར་འབེབས་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ་རྣམས་ཀྱི་ལུང༌། ཇོ་བོ་རྗེ་ནས་བརྒྱུད་པའི་ཐུབ་པ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ལུང༌། གསང་བ་སྤྱི་རྒྱུད་ནས་གསུངས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་ཡིག་ཆ་ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་ལུང༌། འཇམ་དཔལ་དཀར་པོ་མ་ཏི་ལུགས་ཀྱི་རྗེས་སུ་གནང་བ་དང༌། དེའི་བསྟོད་པ་པཎྜི་ཏ་མ་ཏིས་མཛད་པ། སྒྲུབ་སྐོར་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་མཛད་པ། སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་ཐར་པཎ་གྱིས་མཛད་པ། སྨོན་ལམ་པཎྜི་ཏ་རིག་པའི་ཁུ་བྱུག་གིས་མཛད་པར་གྲགས་པ་དང༌། སྦྱིན་སྲེག་སངས་རྒྱས་ཕུན་ཚོགས་