R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༣༧༠
[A:༣༧༠] སྦྱིན་སྲེག །བཀྲ་ཤིས་རྣམས་དང༌། དབང་གི་མཚམས་སྦྱོར་ཐར་པཎ་གྱིས་མཛད་པ་བཅས་ཀྱི་ལུང༌། རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། གཏོར་ཆོག་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། དབང་གི་མཚམས་སྦྱོར་སངས་རྒྱས་ཕུན་ཚོགས་པས་མཛད་པ། ལས་བཞིའི་སྦྱིན་སྲེག་རྭ་ལོ་ཙཱ་བས་མཛད་པ། དྲག་པོའི་སྦྱིན་སྲེག་བནྡེ་ཡེ་ཤེས་སེང་གེས་མཛད་པ། ཡང་དྲག་པོའི་སྦྱིན་སྲེག་སྒྲུབ་ཁང་དཔལ་ལྡན་དོན་གྲུབ་ཀྱི་མཆོད་གཡོག་པ་ཤཱཀྱའི་མིང་ཅན་གྱིས་མཛད་པ། ཆར་འབེབས་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པ་རྣམས་ཀྱི་ལུང༌། ལས་གཤིན་ལྷ་བཅུ་གསུམ་གྱི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་རྗེས་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། མཚམས་སྦྱོར་སངས་རྒྱས་ཕུན་ཚོགས་པས་མཛད་པ་བཅས་ཀྱི་ལུང༌། གྲུབ་ཆེན་ནག་པོ་པའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་ཐབས་མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ལཱུ་ནག་གཉིས་ཆར་གྱི་སྒྲུབ་ཐབས། དཀྱིལ་ཆོག་རྗེ་བཙུན་རིན་པོ་ཆེས་མཛད་པ། གསལ་བྱེད་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། མཚམས་སྦྱོར་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ་རྣམས་ཀྱི་ལུང་དང༌། སློབ་དཔོན་ཀངྐ་དཏྟས་བཀྲལ་བའི་ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས་དང༌། དེའི་ཡིག་ཆ་མཁས་གྲུབ་དཔལ་ལྡན་དོན་གྲུབ་པས་མཛད་པའི་ལུང༌། མ་གཅིག་གྲུབ་པའི་རྒྱལ་མོས་བཀྲལ་བའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ལུང༌། བདེ་མཆོག་བཀའ་སྲུང་ཁྱད་པར་ཅན་དུར་ཁྲོད་བདག་པོ་ཡབ་ཡུམ་