[A:༣༩༠]བདག་མེད་ལྷ་མོ་བཅོ་ལྔའི་བྱིན་གྱིས་བརླབས་པ་དང༌། གཞན་ཡང་དེ་དག་གི་བར་སྐབས་རྣམས་སུ་སྦྱོར་བ་དོན་ཡོད་པ་བཞིས་བླ་མ་མཉེས་པར་བྱེད་པའི་ཁྲིད་སྔོན་དུ་འགྲོ་བའི་ལམ་ཟབ་ཕྱི་མའི་བྱིན་རླབས་དང༌། དེ་ལས་འཕྲོས་པ་བླ་མ་རིན་འབྱུང་གི་བྱིན་རླབས། ལམ་ཟབ་ནང་མའི་བྱིན་གྱིས་བརླབས་པ་དང༌། བིར་སྲུང་ཕྱི་མའི་བྱིན་རླབས་སྒོམ་ལུང་དང་བཅས་པ། བིར་སྲུང་ནང་མའི་བྱིན་རླབས་སྒོམ་ལུང་དང་བཅས་པ། ལམ་སྦས་བཤད་ཀྱི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། ཚར་གསུམ་ཁུག་པའི་བྱིན་རླབས། རྟེན་འབྲེལ་སྙིང་པོས་བསྲུང་བའི་བྱིན་རླབས། བརྡ་དོན་གསལ་བའི་བྱིན་རླབས། ཨ་མེས་ཞབས་ཀྱི་ཡིག་སྟེང་ནས་བརྡ་ཆིག་བརྒྱུད་ཐུན་མོང་མ་ཡིན་པའི་བྱིན་རླབས་དང༌། སྒྲུབ་པ་ལུང་སྦྱིན་པ་དང༌། གསང་བ་བཅུའི་རྒྱས་གདབ་པའི་བྱིན་རླབས། མཐར་མགོན་རྐྱང་གི་རྗེས་སུ་གནང་བ་རྣམས་དང༌། ལུང་གི་སྐོར་ལ། རྗེ་བཙུན་རིན་པོ་ཆེས་མཛད་པའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་དང༌། ངོར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་བིར་སྲུང་ཕྱི་ནང་གི་བྱིན་རླབས་དང༌། ཚོགས་འཁོར་གསང་བ་ཀུན་རྒྱན། བདག་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ལྟ་བ་འཁོར་འདས་དབྱེར་མེད་དང༌། བརྡའ་དོན་གསལ་བའི་ཁྲིད་ཡིག །ལུས་དཀྱིལ་དབང་ཆོག །ལམ་ཟབ་ཕྱི་མའི་ཉམས་ལེན། ལམ་སྦས་བཤད་ཀྱི་ཟིན་བྲིས། བདུད་རྩི་རིལ་བུ་སྒྲུབ་ཐབས་རྣམས་དང༌། རྣམ་འཇོམས་བིར་ལུགས་ཀྱི་མངོན་རྟོགས་དང་བྱིན་རླབས་བྱ་ཚུལ་ནུབ་པ་རིག་འཛིན་གྲགས་དང༌། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱེ་རྡོ་རྗེའི་མངོན་རྟོགས། ལུས་དཀྱིལ། དབང་ཆུ། གཏོར་ཆོག །རྡུལ་མཚོན་ཆུ་བོར་སྤྱན་དྲང་ཚུལ། ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག་གི་སྡོམ་རྣམས་