[A:༣༩༡]དང༌། ཐར་པཎ་གྱིས་མཛད་པའི་རྒྱས་པའི་སྦྱིན་སྲེག་གི་ལྷན་ཐབས་དང༌། དྲག་པོའི་སྦྱིན་སྲེག་དང་དབང་གི་སྦྱིན་སྲེག་གི་སྡོམ་དང་ལྷན་ཐབས། དུས་ཐ་མའི་ཆོ་ག །འཐོར་ནས་བསྒྲུབ་ཚུལ་རྣམས་དང༌། དཀོན་མཆོག་དཔལ་ལྡན་གྱིས་མཛད་པའི་རབ་གནས་དཔལ་འབྱོར་རྒྱ་མཚོ། ཚར་ཆེན་གྱིས་མཛད་པའི་ཕྱི་ནང་གི་བསྐྱེད་རིམ་རྣམ་བཤད་ཉི་མའི་འོད་ཟེར་དང༌། བླ་མ་རིན་འབྱུང་གི་ཉམས་ལེན། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཀྱེ་རྡོར་བསྙེན་ཐབས། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སེམས་བསྐྱེད་ཆོ་ག །སློབ་མ་རྗེས་འཛིན། བདག་མེད་མ། ལམ་ཟབ་ཕྱི་ནང༌། བླ་མ་རིན་འབྱུང་རྣམས་ཀྱི་བྱིན་རླབས། བིར་སྲུང་ཕྱི་མའི་བྱིན་རླབས་ངོར་ཆེན་གྱིས་མཛད་པའི་ཟུར་འདེབས་དང༌། བིར་སྲུང་ནང་མའི་བྱིན་རླབས། བརྡ་དོན་གསལ་བའི་བྱིན་རླབས་གཉིས་ལས་གསུམ་བྱུང་གི་གོ་དོན་དང་བཅས་པ། ལམ་སྦས་བཤད་དང༌། བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས། རྣམ་འཇོམས་བིར་ལུགས་ཀྱི་ཟུར་འདེབས། སྒྲུབ་པ་ལུང་སྦྱིན་དང་གསང་བཅུའི་རྒྱས་གདབ་ཀྱི་ཕྱག་ལེན། སློབ་བཤད་གནད་ཀྱི་གསལ་བྱེད་རྣམས་དང༌། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་ལམ་ཟབ་ནང་མའི་ཉམས་ལེན་དང༌། བརྡ་ཆིག་བརྒྱུད་ཀྱི་བྱིན་རླབས། རྡོར་དྲིལ་དགང་གཟར་བུམ་པ་རྣམས་ཀྱི་རྣམ་བཤད་བཅས་དང༌། སངས་ཕུན་གྱིས་མཛད་པའི་ཀྱེ་རྡོ་རྗེའི་དུས་ཐ་མའི་ཆོ་ག །སློབ་དཔོན་པདྨ་བཛྲ་གྱིས་མཛད་པའི་ཀྱེ་རྡོ་རྗེའི་བསྟོད་པ་ཉི་ཤུ་པ། གྲགས་པས་མཛད་པའི་བསྟོད་པ་དཎྜ་ཀ་དང༌། དཀྱིལ་འཁོར་གྱི་བཀྲ་ཤིས། རྒྱུད་ནས་ཕྱུང་བའི་མཛད་བཅུའི་བཀྲ་ཤིས་རྣམས་ཀྱི་ལུང་བཅས་ལེགས་པར་གསན་པ་ཡིན་ནོ། །མདོར་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་དང༌། ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་གཉིས་ནི། སྔོན་