R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༠༩
[A:༤༠༩]གཅིག །ཟངས་ཀྱི་ཀ་ཊོ་ར་ཆེ་ཆུང་ལྔ། རྐང་གླིང་ཧ་མགོ་མ་ཟངས་རག་གི་ཤན་མ་ཆ་གཅིག །མཆོད་ཀོང་གྲས་འགྲིག་བརྒྱ། སྤོས་རྟ་གྲས་འགྲིག་བརྒྱ། ལྷུང་བཟེད་གཅིག །བཟང་གོས་འབྲུག་རིས་མའི་བླ་བྲེ་གཅིག །གླང་པོ་ཆེའི་མཆེ་བ་ཆེ་ཆུང་གཉིས་ལ་སོགས་པ་དང༌། གཞན་ཡང་གདན། ལྕོག་རྩེ། ཐབ་ཆའི་སྐོར་སྣ་ཚོགས་པ་དང་བཅས་གསར་སྦྱོར་སྩལ་བ་དང༌། ཉེ་སྐོར་གྱི་དགོན་ཁག་རྣམས་སུའང་བསྙེན་བཀུར་ཟབ་པར་བསྟབས་པ་དང༌། དོན་དུ་གཉེར་བ་སོ་སོའི་མོས་པ་དང་བསྟུན་པའི་ཆོས་ཀྱི་བདུད་རྩིའང་ཅྀ་རིགས་པར་སྩལ་བ་དང༌། སྦྱིན་བདག་དད་པ་ཅན་འགའ་ཞིག་གིས་གསོལ་བ་བཏབ་པའི་ངོར་རང་རང་གི་ཁྱིམ་དུ་བྱོན་ཏེ་འགལ་རྐྱེན་བསལ་ཞིང༌། འཕྲལ་ཡུན་གྱི་མཐུན་རྐྱེན་མཐའ་དག་ལྷུན་གྱིས་གྲུབ་པར་མཛད་པ་དང༌། ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པ་རྣམས་ནས་ཀྱང་ཕེབས་བརྫོང་དང་འབུལ་བ་སོགས་ཟབ་པར་ཕུལ་བ་དང༌། ཕར་ཡང་དེ་དག་ལ་སྐབས་སུ་བབ་པའི་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་དེ་ལྕགས་འབྲུག་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་ལྔའི་ཉིན་ཕེབས་སྐྱེལ་གྱི་ཚོགས་ཤིན་ཏུ་རྒྱ་ཆེ་བ་དང་བཅས་ཏེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ནས་ཆིབས་ཀྱི་གདོང་བསྒྱུར། སྡེ་དགེ་ཆོས་རྒྱལ་མཆོག་ནས་ཀྱང༌། ཡེ་ན་བར་གྱི་ཕེབས་སྐྱེལ་དུ་གཉེར་ཀུན་དགའ་དབང་རྒྱལ་འཁོར་དང་བཅས་པ་རྣམས་དང༌། ཁྱད་པར་ཨེ་ཝྃ་རང་དུ་མ་ཕེབས་བར་གྱི་ཞབས་འབྲིང་བར་འདུན་འཁོར་ནིས་མདའ་བུ་ཀུན་དགའ་བསྟན་འཛིན་པས་གཙོ་བྱས་པའི་སྐུ་ཚབ་གསུམ་འཁོར་དང་བཅས་པ་གཏོང་གནང་མཛད་པ་བཞིན། དེ་རྣམས་དང་བཅས་ཏེ་རིམ་གྱིས་ཆིབས་བཏེག །ལམ་བར་དུ་འཁོད་པའི་འགྲོ་བ་རྣམས་ལའང་ཆོས་ཀྱི་བདུད་རྩི་ཅི་རིགས་པར་སྩོལ་བ་དང༌། དགོན་ཁག་རྣམས་སུའང་བསྙེན་བཀུར་ཇི་ལྟར་རིགས་པ་སྟོབ་བཞིན་པའི་སྒོ་ནས་ཧོར་ཟླ་བརྒྱད་