[A:༤༡༥]དགའ་རིན་ཆེན་གྱི་དྲུང་དུ་སྐུ་གསུང་ཐུགས་ཀྱི་རྟེན་དང༌། ལྗོན་འདབ་འཁོར་དྲུག་ལྔ། དྲེའུ་ཨ་མདོ་གཅིག །དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། འཇམ་མགོན་དངོས་གྲུབ་དཔལ་འབར་དང༌། གདུང་སྲས་རིན་པོ་ཆེ་བཀྲ་ཤིས་རིན་ཆེན་བཅས་ཀྱི་སྐུ་སྒེར་སོ་སོར་བཟང་ཇ་འཁོར་དྲུག་གསུམ་རེ་དང༌། རྟ་རེའི་གཙོས་པའི་ཚན་གྲངས་དང༌། དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། གཞན་ཡང་བཙུན་མོ་ཕོ་བྲང་གི་རྗེ་བཙུན་མ་གསུམ་དང༌། ཕུན་ཚོགས་ཕོ་བྲང་གི་རྗེ་བཙུན་མ་དང༌། ཁྲོ་ཁང་རྗེ་བཙུན་མ་དང༌། ཞབས་བརྟན་ལྷ་ཁང་གི་རྗེ་བཙུན་མ་གཉིས་དང༌། རྒྱལ་ཡུམ་དང༌། བདག་མོ་སོགས་ཀྱི་སྐུ་སྒེར་སོ་སོར་ལྗོན་ཇ་འཁོར་དྲུག་གཉིས་རེའི་གཙོས་པའི་ཚན་གྲངས་ཁ་ཤས་རེ་དང༌། ལྷ་ཁང་མཁན་རིན་པོ་ཆེའི་མདུན་དུ་ལྗོན་ཇ་འཁོར་གཉིས་ཀྱི་གཙོས་པའི་ཚན་གྲངས་དང༌། ཞབས་པད་མདུན་དུའང་བཟང་ཇ་འཁོར་དྲུག་གཉིས་དང༌། གཞན་ཡང་གསོལ་གཟིམ་དང༌། མགྲོན་གཉེར་དང༌། དྲུང་ཡིག་དང༌། ལྡེ་ཕྱུང་བ་དང༌། རྩྭ་གཉེར་དང༌། ཤིང་གཉེར་སོགས་ལའང་འདྲིས་ཟབ་དང་བསྟུན་པའི་ཇ་སར་སྐབས་སུ་གང་བབ་རེ་དང༌། ཁྱད་པར་ཆོས་སྡེ་ལྷོ་བྱང་གི་རྟེན་གསུམ་ངོ་མཚར་ཅན་རྣམས་ཀྱི་དྲུང་དུ་མཆོད་འབུལ་དང༌། གསེར་གསོལ་དང༌། སྙན་དར་ཤིན་ཏུ་ཟབ་པ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་གཉིས་ཀྱི་སྟེང་ཕྱག་འགྱེད་གྲྭ་པ་བཅོ་ལྔ་རེ་ལ་བཟང་ཇ་སྦག་རེ་ཕུལ་བ་སོགས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འདུ་མཛད་དོ། །ཧོར་ཟླ་བཅུ་གཉིས་པའི་ཡར་ངོའི་ནང་ཨེ་ཝྃ་དུ་ཕེབས། དོན་དུ་གཉེར་བའི་གདུལ་བྱ་འགའ་ཞིག་གིས་གསོལ་བ་བཏབ་པའི་ངོར་དབང་རྗེས་གནང་ལུང་ལ་སོགས་པའི་བཀའ་ཆོས་ཅི་རིགས་ཀྱང་སྩལ་བ་དང༌། མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་འདྲ་སྐུ་དང༌། མཆོད