R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༣༡
[A:༤༣༡]མའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། བུ་སྟོན་རིན་པོ་ཆེའི་སྒྲུབ་དཀྱིལ་གཉིས་ཀྱི་ལུང་དང་བཅས་པ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་དགྲ་ནག་གི་རྒྱུད་ནས་བསྟན་པའི་འཕགས་མ་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཀྱི་རྗེས་སུ་གནང་བ། དེའི་སྒྲུབ་རྗེས་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་ལུང་བཅས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ནག་འགྲོས་སྟེང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་མདའ་གཞུ་ལ་བརྟེན་ནས་བི་ཥ་བསད་པའི་ལས་ཚོགས་དུག་དབང་རྨ་བྱ་རྒྱས་པ་དང༌། མ་རྒྱུད་ཧེ་རུ་ཀའི་རིགས་སུ་གཏོགས་པ་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་སྒྲུབ་དཀྱིལ་ཐུགས་སྲས་ལོ་ཙཱ་བས་མཛད་པའི་ལུང་དང་བཅས་པ། དཔལ་འཁོར་ལོ་སྡོམ་པ་རྣལ་འབྱོར་གསང་མཐའ་ལྟར་བཀྲལ་བ་ཟབ་དོན་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལུས་དཀྱིལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། དེའི་སྒྲུབ་ཐབས་དང༌། བདག་འཇུག་གི་སྡོམ་དང༌། བདག་ཉིད་འཇུག་པ་དང་བཅས་པ་འཕགས་པ་རིན་པོ་ཆེས་མཛད་པའི་ལུང་བཅས། ངག་དབང་མཆོག་ལེགས་རྡོ་རྗེ་ཡིག་ཆའི་སྟེང་ནས་མ་རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་རྗེ་རས་པ་བཛྲ་ཀཱིརྟི་ནས་བརྒྱུད་པའི་རྟ་མགྲིན་པད་དབྱུག་ཅན་གྱི་རྗེས་སུ་གནང་བ་དང༌། ངག་དབང་བརྟན་པའི་རྡོ་རྗེའི་ཡིག་སྟེང་ནས་དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་གུར་ནས་གསུངས་པའི་འབྱུང་འདུལ་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང་མེ་དབང་གསུམ་དང་བཅས་པ། དགའ་ལྡན་པ་ཀུན་དགའ་བསོད་ནམས་ཀྱི་ཡིག་ཆའི་སྟེང་ནས་ཚོགས་བདག་དམར་ཆེན་ཁྱད་པར་ཅན་གྱི་རྗེས་སུ་གནང་བ་དང༌། དམར་ཆེན་ཐུན་མོང་མ་ཡིན་པའི་རྗེས་གནང་བདག་ཆེན་བློ་གྲོས་རྒྱལ་