[A:༤༣༣]སྟེང་དུ་གདིང་རྒྱུའི་གྲུམ་རྩེ་སྤུས་ལྡན་གྲངས་དེ་དང་མཚུངས་པ། རྒྱུན་གྱི་སྒྲུབ་མཆོད་རྣམས་ཀྱི་དཀྱིལ་འཁོར་བཤམ་སའི་གཞི་ལྕོག་ཆ་གཅིག་དང༌། དེའི་སྟེང་དུ་གོས་ཆེན་ལས་གྲུབ་པའི་གཞི་ཁེབས་དང༌། ཤིང་ལ་བྲིས་པའི་ཀུན་རིག་གི་དཀྱིལ་འཁོར་ཞབས་ཁེབས་ཤུབས་དང་བཅས་པ་དང༌། འཁར་ལི་ལས་གྲུབ་པའི་སྤོས་འཛིན་བརྒྱ་ཐམ་པ་སྣོད་དང་བཅས་པ་དང༌། རྒྱ་རག་གི་ཏིང་ཕོར་འགགས་གཟུགས་མ་བདུན་ཚར་དང༌། ཟངས་ཐེབས་བཅོ་ལྔ་དང༌། ཟངས་ཀྱི་པད་སྡེར་དངུལ་ཤན་ཅན་ཆ་གཅིག་དང༌། ཡང་འཁར་རག་གི་སྤོས་འཛིན་བཞི་དང༌། གོས་ཆེན་བཟང་བསྒྲིགས་ཀྱི་རྟེན་ཁེབས་ཉེར་ལྔ་དང༌། སྒྲུབ་མཆོད་སྐབས་ཀྱི་ཕྱི་རོལ་གཏོར་མའི་སྟེགས་དང༌། ཏིང་ཕོར་ཆུང་ངུ་བདུན་ཚར་དང༌། ཟངས་ཐེབ་གཅིག་བཅས་དང༌། གཙུག་ལག་གི་རྒྱ་མཐོངས་ཁོར་ཡུག་ཏུ་གོས་ཆེན་བཟང་བསྒྲིགས་ཀྱི་ཕུར་མ་དང༌། གོས་ཆེན་གྱི་ཕྱེ་ཕུར་ཆེ་ལེགས་ཆ་གཅིག་བཅས་དང༌། གཡབས་ཆེན་དུ་གོས་ཆེན་བཟང་བསྒྲིགས་ཀྱི་སྣམ་སྦྱར་དགུ་དང༌། ཐེར་མའི་ཆོས་གོས་གཉིས་དང༌། ས་མཆོད་སྐབས་ཁྱེར་རྒྱུའི་བསང་དར་དང༌། རྒྱལ་མཚན་དང༌། སྦྱིན་བདག་ཧྭ་ཤང་གི་གོས་ལ་སོགས་པ་གསར་བཟོས་རྣམ་གྲངས་མང་བ་དང༌། འཁར་རྔ་ཆེ་ལེགས་གཅིག་དང༌། ས་ག་ཟླ་བའི་སྒྲུབ་མཆོད་ཆེན་མོའི་སྐབས་བཤམ་རྒྱུའི་ཀྱེ་རྡོར་དཀྱིལ་འཁོར་གྱི་ཡོལ་བ་གོས་ཆེན་དཔྱད་ལྡན་ལྗང་གུ་ལས་གྲུབ་པ་ཤིན་ཏུ་སྤུས་ལེགས་པ་དང༌། ལམ་འབྲས་ལྷ་ཁང་དུ་རས་ཀྱི་སྣམ་སྦྱར་ཁ་གསར་དྲུག་དང༌། ཐེར་མའི་གདིང་བ་དྲུག་བཅས་དང༌། མགོན་ཁང་ནུབ་ཏུ་ཆོས་སྲུང་རྣམས་ཀྱི་སྤྱན་གཟིགས་སུ་རྒྱ་དངུལ་རྡོ་ཚད་གཉིས་ལས་གྲུབ་པའི་དངུལ་དམ་ཆེ་ལེགས་ཆ་གཅིག་དང༌། མགོན་ཁང་ཤར་དུ་ཟླ་བ་བྱུང་ངོ་ཅོག་