R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༣༩
[A:༦༣༩]ཟབ་རྒྱས་གདམས་པ་རྒྱ་མཚོའི་གཏེར་མཛོད་ཆབ་མདོ་དཀོན་རྡོར་སྤྲུལ་སྐུ། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་གངས་རིའི་རྡོ་རྗེ་འཛིན་པ་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་རྣམས་སོ། །བསླབ་གསུམ་ནོར་བུའི་ཏོག་གིས་ཉེ་བར་མཛེས་པ་བསྟན་པའི་རྒྱལ་མཚན་ཆེན་པོ་དྲུག་ནི། སྙན་བརྒྱུད་གདམས་པའི་མངའ་བདག་འདར་མཁན་ཆེན་རིན་པོ་ཆེ་ཀུན་དགའ་འཇམ་དབྱངས། མཐའ་ཀླས་འགྲོ་བའི་འདྲེན་པ་རྒྱལ་རྩེ་གུར་པ་མཁན་པོ་མཁས་བཙུན་སྦྱིན་པ་རིན་ཆེན། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་སློབ་དཔོན་ཆེན་པོ་ངག་དབང་དགེ་ལེགས། བྱམས་དང་སྙིང་རྗེའི་མངའ་བདག་མི་ཉག་དཔོན་སློབ་ནམ་མཁའ་རྒྱལ་མཚན། རྒྱལ་བསྟན་སྲོག་གི་དབང་པོ་ལྟར་གཅེས་པར་འཛིན་པ་བླ་མ་བསྟན་པ་དར་རྒྱས། མཐའ་ཡས་ཡོན་ཏན་མང་པོས་ཉེ་བར་མཛེས་པ་མངའ་རིའི་བླ་མ་ཀུན་དགའ་འཇམ་དབྱངས་རྣམས་སོ། །ཡོན་ཏན་གྱིས་མངོན་པར་མཐོ་བའི་བླ་མ་དམ་པ་དྲུག་ནི། མཐའ་ཀླས་གཞུང་ལ་མཁས་པ་དགའ་ལྡན་བླ་མ་བྱམས་པ་སྨོན་ལམ་གྲགས་པ། མཁྱེན་པ་རྒྱ་མཚོའི་བདག་ཉིད་སྣར་ཐང་མཁན་པོ། ཤེས་བྱའི་གནས་ལ་མཁས་པ་ཕུན་ཚོགས་གླིང་གི་མཁན་པོ། ལུང་རྟོགས་ཀྱི་ཡོན་ཏན་ལྡན་པ་འཇད་ཡངས་པ་ཅན་གྱི་མཁན་པོ་སྐལ་བཟང་རྒྱ་མཚོ་དང༌། སྐལ་བཟང་རྒྱལ་མཚན་རྣམ་པ་གཉིས། མཁྱེན་པའི་སྤྱན་རས་བཀྲ་བ་གསེར་མདོག་ཅན་གྱི་མཁན་པོ་རྣམས་སོ། །བསྟན་པའི་གསལ་བྱེད་དམ་པ་སྤྲུལ་སྐུ་རྣམ་པ་བཞི་ནི། མཁྱེན་པ་རྒྱ་མཚོའི་དཔལ་མངའ་ཉག་རག་སྤྲུལ་སྐུ་ཀུན་དགའ་བསྟན་པའི་རྒྱལ་མཚན། ཆོས་ཀྱི་སྤྱན་རས་ཡངས་པ་བྲའུ་སྤྲུལ་སྐུ། མཐའ་ཀླས་འགྲོ་བའི་འདྲེན་པ་ཕུ་མགོ་སྤྲུལ་སྐུ། ཤེས་བྱའི་གནས་ལ་མཁས་པ་མཁར་ནང་