R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༤༡
[A:༦༤༡]འཕང་འཐོན་པོར་སྦྱོར་བ་ལ་ཆེད་དུ་བརྩོན་པ་ལྷུར་བཞེས་པར་མཛད་དོ། །དེར་མ་ཟད་རྗེ་འདི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་ཁྲི་ལ་བགྲང་བྱ་བརྒྱད་ཀྱི་བར་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་སྐབས་སུ་ཕྱོགས་ཐ་དད་ནས་འདུས་པའི་སློབ་མའི་ཚོགས་ལོ་རེ་བཞིན་བརྒྱ་ཕྲག་གསུམ་རེ་ཙམ་ཚོགས་པ་རྣམས་ཀྱིས་གཙོས་དུས་སྔ་ཕྱི་ངེས་མེད་དུ་གསུང་གི་བདུད་རྩི་མྱོང་བའི་སློབ་མའང་མཐའ་ཡས་པ་སྟེ། ཐ་ན་ལུགས་གཉིས་ཀྱི་སྒོ་ནས་ཡོན་ཏན་དུ་མངོན་པ་རྡུལ་ཕྲན་ཙམ་མེད་ཀྱང༌། ཚེ་རབས་ཐམས་ཅད་དུ་བཀའ་དྲིན་གཞལ་བར་དཀའ་བ་མཁན་ཆེན་རྡོ་རྗེ་འཆང་ཁུ་དབོན་རིམ་པར་བྱོན་པ་འདི་དག་གིས་ཆོས་དང་ཟང་ཟིང་གི་བཀའ་དྲིན་ཚད་མེད་པས་སྐྱོང་བའི་ཐུགས་རྗེ་ཁོ་ནས་དེང་སང་འཇིག་རྟེན་མིའི་གྲལ་མཇུག་ཟིན་ཙམ་བྱུང་བ་བདག་ལྟ་བུས་མཐའ་བརྟེན་པའི་སློབ་མའི་ཚོགས་བགྲང་དུ་མེད་པ་ཞིག་མཆིས་ལ། དེ་དག་གི་ནང་ནའང་བསླབ་པ་གསུམ་གྱིས་རྒྱུད་དག་པ། གཞུང་ལུགས་རྒྱ་མཚོའི་གནད་ལ་མཁས་པ། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས་པ། ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པ། ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པའི་སྐྱེས་བུ་དམ་པའང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པར་སྣང་མོད། བདག་ལྟ་བུའི་རྨོངས་པས་ཇི་བཞིན་དུ་དབྱེ་བར་ག་ལ་ནུས། དེར་མ་ཟད་སྟོབས་དང་འབྱོར་པ་ཆེན་པོས་བསྟན་པ་རིན་པོ་ཆེ་དགུང་ན་འདེགས་པའི་མདའ་དཔོན་ཆེན་པོ་ཚ་རོང་པ། མདའ་དཔོན་རིན་སྤུངས། གླིང་ཚང་དཔོན་དབང་ཆེན་ཆོས་སྐྱོང༌། སྡེ་དགེའི་གཉེར་ཆེན་དཔལ་གྲུབ་པ་སོགས་བསྟན་པའི་སྦྱིན་བདག་ཆེན་པོ་ཟབ་ཆོས་ཀྱི་བདུད་རྩི་མྱོང་བ་རྣམས་དང༌། གཞན་ཡང་བཀའ་ཆོས་ཀྱི་འབྲེལ་པ་