R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༦༦༥
[A:༦༦༥]གྱིས་ཨེ་ཝྃ་བླ་བྲང་གཞུང་དུ་མདོ་སྔགས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་གྱི་དྲུང་དུ་ལྗགས་བསྔོ་ཞུ་རྟེན་ལྷ་གོས། རྡོར་དྲིལ། གོས་ཆེན་གྱི་སྟོད་ཚེ་སྤུས་ལེགས་ཇ་འཁོར་དྲུག་གཅིག་བཅས་ཕུལ་བས་མཚོན་བླ་བྲང་ཁག་གི་མཁན་པོ་དང༌། ཞབས་དྲུང་སོ་སོར་བསྔོ་སྨོན་རྟེན་ཟབ་རྒྱས་དང༌། གཞན་ཡང་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ལྗགས་བསྔོ་ཞུ་རྟེན་ལྷ་རྫས། རྡོར་དྲིལ་ཐེག་ཆེན་སྤུས་ལེགས། ཇ་འཁོར་ལྔ། དངུལ་ཊཾ་སྲང་བཅོ་ལྔ་སོགས་ཕུལ་བ་དང༌། ཡོངས་འཛིན། སྔགས་ཆེན། ཟུར་བཞི་སོགས་བླ་མ་སོ་སོར་བསྔོ་རྟེན། དགོན་དེའི་ལྷ་ཁང་ཁག་ལ་མཆོད་འབུལ། ཚོགས་ཆེན་ལ་མང་ཇ། དེའི་ནང་ཚན་ཁྲོན་སྦུགས་མི་ཚན་ལ་ཡང་མང་ཇ་བཅས་དང༌། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་སྐྱབས་མགོན་ཁྲི་ཆེན་རིན་པོ་ཆེ་ཀུན་དགའ་བསོད་ནམས་དྲུང་དུ་བསྔོ་སྨོན་ཞུ་རྟེན་དར། གོས་ཆེན་ལ་སོགས་པའི་ཚན་གྲངས་དང༌། སྟོན་པའི་གསེར་སྐུ། རྡོར་དྲིལ། དངུལ་ཊཾ་སྲང་བཅོ་ལྔ། ལྗོན་ཇ་འཁོར་དྲུག་གཉིས་བཅས་ཕུལ་བ་དང༌། དེས་མཚོན་ཏེ་འཇམ་མགོན་དངོས་གྲུབ་དཔལ་འབར། གདུང་སྲས་ཀུན་སྙིང༌། གསང་བདག་ལགས། རྗེ་བཙུན་མ་རྣམས་དང༌། ལྷ་ཁང་མཁན་ཆེན་སོགས་སོ་སོར་བསྔོ་རྟེན་འབུལ་བ་གང་ཟབ་དང༌། རྟེན་གསུམ་སོ་སོར་བརྒྱ་མཆོད། ཆོས་སྲུང་རྣམས་ལ་སྐོང་ཕྲིན། འདུས་པ་རྒྱ་མཚོར་མང་ཇའི་བསྙེན་བཀུར་སོགས་བསྒྲུབས་པ་དང༌། དཔལ་ཞྭ་ལུ་རི་སྦུག་ཏུ་བླ་མ་རིན་པོ་ཆེ་རི་ཟུར་བློ་བཟང་མཁྱེན་རབ་མདུན་ལྷ་གོས། གོས་སྟོད་སྤུས་ལེགས། ཇ་འཁོར་གཅིག་བཅས་དང༌། རྗེ་བཙུན་བློ་གསལ་