R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༡
[A:༥༦༡]ཚུལ་རྣམས་མདོར་བསྡུས་ཏེ་ཕྱོགས་གཅིག་ཏུ་བརྗོད་ན། ཐོག་མར་རྩ་བའི་རིགས་བདག་འགྲན་ཟླ་མེད་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས། རྗེ་བཙུན་ས་སྐྱ་པ་ཆེན་པོ་ལ་འཕགས་པ་འཇམ་པའི་དབྱངས་ཀྱིས་དངོས་སུ་སྩལ་བའི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྙིང་པོ་བློ་སྦྱོང་ཞེན་པ་བཞི་བྲལ་ཀྱི་ཉམས་ཁྲིད་ཟབ་མོ་དང༌། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཉམས་བཞེས་བླ་ན་མེད་པ་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་ཟབ་མོ། གསང་སྔགས་ཀྱི་སྐོར་ལས་བྱ་རྒྱུད་སྐོར་ལ། སངས་རྒྱས་སྨན་བླའི་མཆེད་བདུན་གྱི་རྗེས་གནང༌། ཀླུ་དབང་རྒྱལ་པོ་ལྷ་ལྔའི་རྗེས་གནང༌། དེའི་སྒྲུབ་ཐབས། ལས་ཚོགས། བསྟོད་པ། ཆར་འབེབས་དང་བཅས་པའི་ལུང༌། འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང༌། གསང་བ་སྤྱི་རྒྱུད་ནས་གསུངས་པའི་རིགས་གསུམ་སྤྱིའི་དབང༌། གང་བློ་མ་ལ་བརྟེན་པའི་འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་རིག་གཏད། སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་དབང༌། ལྷ་མོ་འོད་ཟེར་ཅན་སེར་མོའི་རྗེས་གནང༌། མཁྱེན་བརྩེས་མཛད་པའི་འོད་ཟེར་དྲི་མེད་ཀྱི་སྲོག་ཤིང་འཛུགས་པའི་ངག་འདོན་དང་མཆོད་རྟེན་བཞེངས་ཚུལ་བཅས་ཀྱི་ལུང༌། གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་རྗེས་གནང༌། ཁྲོ་བོ་མི་གཡོ་བ་དཀར་པོའི་རྗེས་གནང༌། མགོན་པོ་ཚེ་དཔག་མེད་ལྷ་དགུའི་དབང་བཟླས་ལུང་དང་བཅས་པ། ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང་བཟླས་ལུང་དང་བཅས་པ། འཕགས་མ་གདུགས་དཀར་ལྷ་ཉེར་བདུན་མའི་དབང༌། སྤྱན་རས་གཟིགས་བཅུ་གཅིག་ཞལ་ལྷ་སོ་བདུན་གྱི་དབང༌། རྨོར་ཆེན་གྱི་སྨྱུང་ཆོག་ལུང༌། འཇིག་རྟེན་