[A:༥༦༢]དབང་ཕྱུག་སེང་གེ་སྒྲའི་རྗེས་གནང་ལུང་བཅས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང༌། རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དབང༌། ཕྱག་རྡོར་གོས་སྔོན་ཅན་གྱི་རྗེས་གནང༌། རྡོ་རྗེ་རྣམ་པར་འཇོམས་པའི་རྗེས་གནང༌། ས་ལུགས་སྨེ་རྩེགས་དུད་ཀའི་རྗེས་གནང༌། དེའི་སྒྲུབ་སྐོར་ལས་ཚོགས་ས་པཎ་དང༌། གྲིབ་མདོས་གློ་བོ་མཁན་ཆེན་གྱིས་མཛད་པ་བཅས་ཀྱི་ལུང༌། ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་གནང༌། ཛམྦྷ་ལ་དཀར་པོ་ལྷ་ལྔའི་རྗེས་གནང༌། རྣམ་སྲས་སེར་ཆེན་ལྷ་དགུའི་རྗེས་གནང་སྤྲོ་བ་ལྔ་དང་བཅས་པ། སྤྱོད་རྒྱུད་སྐོར་ལ། འཇམ་དཔལ་ཨ་ར་པ་ཙ་ན་ལྷ་ལྔའི་དབང་བཟླས་ལུང་དང་བཅས་པ། འཇམ་དབྱངས་དམར་སེར་གྱི་རྗེས་གནང་ལུང་དང་བཅས་པ། རྣལ་འབྱོར་རྒྱུད་གྱི་སྐོར་ལ། བཅོམ་ལྡན་འདས་ཀུན་ཏུ་རིག་པ་ཆེན་པོའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། བསྙེན་རྒྱས་ལྷན་ཐབས་ཐར་པཎ་གྱིས་མཛད་པའི་ལུང་བཅས། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དབང༌། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་སྐོར་ལ། དཔལ་གསང་བ་འདུས་པ་འཕགས་ལུགས་མི་བསྐྱོད་རྡོ་རྗེའི་དབང༌། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དབང༌། དཔལ་གསང་བ་འདུས་པ་སྤྱན་རས་གཟིགས་ཀྱི་དབང༌། གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དབང༌། གཤེད་དམར་སྤྲོས་མེད་ཀྱི་ཁྲིད། དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དབང༌། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང༌། དམ་ཅན་ཆོས་ཀྱི་རྒྱལ་པོ་ལྷ་བཅུ་གསུམ་གྱི་རྗེས་གནང༌། དཔལ་འཁོར་ལོ་བདེ་མཆོག་ནག་པོ་པའི་དབང༌། བདེ་མཆོག་ལཱུ་ཧི་པའི་དབང༌། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས། དུར་ཁྲོད་བདག་པོའི་རྗེས་གནང༌།