R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༣
[A:༥༦༣] ཀྱེ་རྡོར་བཀའ་བབས་བཞིའི་དབང༌། ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་བརྒྱུད་འདེབས་ཀྱི་ལུང་བཅས། སྙན་བརྒྱུད་སྐོར་ལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་ཁྲིད་ཡིག་བཞིན་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཟབ་ཁྲིད་ཡོངས་རྫོགས། དེ་དག་གི་སྐབས་སུ་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་བསྐུར་ཤིན་ཏུ་རྒྱས་པ། བདག་མེད་ལྷ་མོ་བཅོ་ལྔའི་དབང༌། ལམ་དུས་ཀྱི་དབང་བསྐུར་བ། ཨཥྟ་དང་ཡིག་བརྒྱའི་བཟླས་ལུང༌། བདག་མེད་མའི་བྱིན་རླབས། གཞན་ཡང་ཚར་གསུམ་ཁུག་པ། ལམ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། བླ་མ་རིན་འབྱུང༌། ལམ་སྦས་བཤད། རྣམ་འཇོམས་བིར་ལུགས། རྟེན་འབྲེལ་སྲུང་བ། བརྡ་དོན་གསལ་བ། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། མགོན་རྐྱང་གི་རྗེས་གནང་བཅས་ཡོངས་རྫོགས། དེ་དག་གི་རྒྱབ་བརྟེན་དུ་གླེགས་བམ་པོད་སེར། པོད་དམར། ཀླུ་སྒྲུབ་སློབ་བཤད་པོད། ངག་དབང་བསྟན་རྡོར་གྱི་ལམ་འབྲས་ཁྲིད་ཡིག་དང་འཆད་ཐབས། རྡོར་དྲིལ་རྣམ་བཤད། ཐར་པཎ་གྱིས་མཛད་པའི་དུས་མཐའི་ཆོ་ག་བཅས་ཀྱི་ལུང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ངོར་ལུགས་ཐུན་མོང་དང༌། ཚར་ལུགས་ཐུན་མོང་མ་ཡིན་པ། དེ་དང་འབྲེལ་བར་གྲོལ་བྱེད་ཀྱི་ཁྲིད་དང༌། སྔོན་འགྲོ་ཐུན་མོང་མ་ཡིན་པ་བཞི། དངོས་གཞི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག །རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ། ཡབ་ཡུམ་གྱི་འཕོ་བ། ནང་གི་མཁའ་སྤྱོད་སྒྲུབ་པ་སོགས་ཆ་ལག་ཚང་