R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༤
[A:༥༦༤]མའི་ཟབ་ཁྲིད། ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས། རྩ་དབུ་མ་ཆེ་བའི་ཁྲིད། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྔོན་མོའི་རྗེས་གནང༌། སེང་གདོང་དམར་མོའི་རྗེས་གནང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་བ། མགོན་པོ་ཁྲོ་བཅུའི་རྗེས་གནང་ཐུན་མོང་བ། མགོན་པོ་ཁྲོ་བཅུའི་རྗེས་གནང་ཐུན་མོང་མ་ཡིན་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཕྱིའི་རྡོ་རྗེ་བྲག་རྫོང་མ་སྲུང་ཟློག་གསད་མནན་བཞི་གཙོ་བོར་གྱུར་པའི་མན་ངག །ནང་གི་བྲག་རྫོང་མ་དྲག་པོ་སྔགས་རྒོད། གསང་བའི་བྲག་རྫོང་མ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་པ་འཁོར་ལོ་སེར་ཆུང་དུ་གྲགས་པ་བཅས་ཀྱི་ཟབ་ཁྲིད་ཡོངས་རྫོགས། གསང་ཁྲིད་སྔོན་འགྲོའི་མགོན་པོ་ལྷ་དགུའི་རྗེས་གནང༌། གསང་བའི་ལས་མཁན་པུ་ཏྲ་མི་སྲིང་གི་རྗེས་གནང་ཐུན་མོང་བ་རྣམས་དང༌། བདག་ཆེན་རྡོ་རྗེ་འཆང་གིས་བསྒྲིགས་པའི་གླེགས་བམ་མེ་འབར་མ། ཚར་ཆེན་གྱི་རྒྱལ་པོས་བསྒྲིགས་པའི་ཁ་སྐོང་དང་སྙན་བརྒྱུད་པོད་གཉིས། རྨོར་ཆེན་གྱིས་བསྒྲིགས་པའི་ཡང་སྐོང་གླེགས་བམ། ཡང་ཚར་ཆེན་རིན་པོ་ཆེས་བསྒྲིགས་པའི་འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་སོལ་ལྷ་མོའི་ཆོས་སྐོར་གྱི་པོད་བཅས་ཀྱི་ལུང༌། ཞལ་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང༌། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང༌། དེའི་བེའུ་བུམ་སངས་རྒྱས་ཕུན་ཚོགས་ཀྱིས་བསྒྲིགས་པའི་ལུང་བཅས་དང༌། གཞན་ཡང་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་ཀྱི་སྟེང་དུ་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པའི་དཀྱིལ་འཁོར་བཞི་བཅུ་ཞེ་ལྔའི་དབང་བསྐུར་བ་ཡོངས་སུ་རྫོགས་པ། བ་རི་ལོ་ཙཱ་བའི་ལུགས་ཀྱི་སྒྲུབ་