R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༥
[A:༥༦༥]ཐབས་བརྒྱ་རྩ་ལ་རིགས་མཐུན་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་རྗེས་གནང་བདུན་ཅུ་དོན་བརྒྱད་བཅས། བཀའ་འབུམ་སྐོར་ལ། མུས་ཆེན་སེམས་དཔའ་ཆེན་པོའི་བཀའ་འབུམ་པོད་གཅིག །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་པོད་བཞི། མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་བཀའ་འབུམ་པོད་གཅིག་བཅས་ཀྱི་ལུང༌། གསང་སྔགས་རྙིང་མའི་སྐོར་ལ། ཉང་ལུགས་གུ་རུ་དྲག་དམར་གྱི་རྗེས་གནང༌། ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་རྟ་ཟུང་འབྲེལ་གྱི་དབང༌། ཚེ་དཔག་མེད་ལྷ་བཅུ་བདུན་མའི་ཚེ་དབང་མདའ་འཕེལ་མར་གྲགས་པ། ཕྱག་རྡོར་གཏུམ་པོ་ཁྱུང་ལྔའི་རྗེས་གནང༌། གྲ་མངོན་དབང་ཕྱུག་འབར་གྱི་གཏེར་བྱོན་ཛམྦྷ་ལ་དམར་པོའི་རྗེས་གནང༌། ཐུགས་རྗེ་ཆེན་པོའི་མིག་འབྱེད་ཀྱི་གདམས་པ། ལེགས་ལྡན་སྟག་ཞོན་འཁོར་བཅས་ཀྱི་རྗེས་གནང༌། བྱད་དགྲོལ་གསེར་གྱི་ལྡེའུ་མིག་གི་བྱད་འགྲོལ་ཟབ་མོ། རྗེ་རང་གི་ཞབས་བརྟན་སྐོར་གྱི་ལུང་བཅས་ལེགས་པར་གསན་ནོ།། །།གྲུབ་པའི་འཁོར་ལོས་སྒྱུར་བ་རྣལ་འབྱོར་འཇམ་དཔལ་བཟང་པོའི་དྲུང་ནས། སངས་རྒྱས་སྨན་ལྷ་མཆེད་བདུན་དང༌། ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང༌། གསུང་ངག་རིན་པོ་ཆེ་ཚོགས་བཤད་སྐོར་ལ། ཨེ་ཝྃ་པའི་ཆོས་སྤྱོད་དུམ་བུ་གསུམ་པ་ངོར་སྤར་ལྟར་ཚང་མའི་ལུང༌། ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། སློབ་མ་རྗེས་འཛིན། ཀྱེ་རྡོ་རྗེའི་རྒྱུ་དབང༌། དངོས་གཞི་རྒྱུད་གསུམ་གྱི་ཁྲིད། ལུས་དཀྱིལ་གྱི་དབང༌། ལམ་ཟབ་དང་བིར་སྲུང་ཕྱི་མའི་བྱིན་རླབས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་བཅས་དང༌། རྒྱབ་རྟེན་