R204: ཁམས་གསུམ་འགྲོ་བའི་འདྲེན་པ་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ཡོན་ཏན་མཐའ་ཡས་པའི་རྒྱ་མཚོ་དངོས་གྲུབ་ཀྱི་རྦ་རླབས་རྣམ་པར་གཡོ་བ།

  • Pagination (Witness A): ༥༦༦
[A:༥༦༦]ལུང་གི་སྐོར་གླེགས་བམ་པོད་སེར། པོད་དམར། ཚར་ཆེན་གྱི་རྣམ་བཤད་ཉི་ཟེར། རབ་གནས་དཔལ་འབྱོར་རྒྱ་མཚོ་སོགས་དང༌། རྗེ་བཙུན་ས་སྐྱ་པ་དང་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ལས་བརྒྱུད་པའི་ཟབ་ཆོས་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པར་གསེར་པོད་དུ་གྲགས་པ་རྣམས་ཚང་མ། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། དམག་ཟོར་མའི་རྗེས་གནང༌། གནོད་སྦྱིན་བེག་ཙེ་ལྕམ་དྲལ་གྱི་ཆོས་སྐོར་པོད་ཀྱི་ལུང༌། གུར་ལྷ་བརྒྱད་ཀྱི་རྗེས་གནང་བཅས་ལེགས་པར་གསན་ནོ།། །།རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་དབུ་སེམས་གཉིས་ཀའི་ལུགས། བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་ཚང་ལ་མ་ནོར་བར་སྟོན་པ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཉམས་ལེན་ཟབ་མོ། དཔལ་རྡོ་རྗེ་གདན་བཞི་ཡབ་བཀའ་ལྷ་ལྔ་བཅུ་རྩ་བརྒྱད་དང༌། ཡུམ་བཀའ་ལྷ་བཅུ་གསུམ་མའི་དབང་བསྐུར་བ་ཡོངས་སུ་རྫོགས་པ་དང༌། བཀའ་སྲུང་ལྷ་མོ་དུད་སོལ་མའི་རྗེས་གནང་བཀའ་གཏད་དང་བཅས་པ། རྗེ་བཙུན་དམ་ཚིག་སྒྲོལ་མ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། སྒྲོལ་མ་རྣལ་འབྱོར་མའི་བསྐྱེད་རྫོགས་བོགས་འདོན་གེགས་སེལ་དང་བཅས་པའི་ཁྲིད། ཕྲིན་ལས་ཐམས་ཅད་འདུས་པར་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ། དེའི་རྒྱུད་ཕྱི་མ་བཅས་ཇོ་ནང་ཏཱ་ར་ནཱ་ཐས་བསྒྱུར་བ། དེས་མཛད་པའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན། སྒྲུབ་ཐབས། བདག་འཇུག །ཚོགས་མཆོད་རྣམས་དང༌། དབང་ཆོག་སི་ཏུས་མཛད་པའི་ལུང༌། དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་མི་གཡོ་བ་བླ་མེད་དུ་གྲགས་